ཨ་མཆོག་གི་གཏེར་འགོག་ཞི་རྒོལ་བར་དྲག་གནོན་བྱས་འདུག


2016.06.03
ཨ་མཆོག་ཡུལ་ཚོར་དྲག་ཆས་ཉེན་རྟོག་པ་འབྱོར་ཡོད་པ། ༢༠༡༦།༦།༢ ཨ་མཆོག་ཡུལ་ཚོར་དྲག་ཆས་ཉེན་རྟོག་པ་འབྱོར་ཡོད་པ། ༢༠༡༦།༦།༢
བོད་འབྱོར།

མདོ་སྨད་ཨ་མཆོག་གི་གོང་སྔོན་བླ་རིའི་ནང་གསེར་གྱི་གཏེར་ཁ་སྔོག་འདོན་གྱི་ལས་གཞིར་ངོ་རྒོལ་བྱེད་མཁན་བོད་མི་དྲུག་ལ་གཅར་རྡུང་ཚབས་ཆེན་བཏང་སྟེ་སྨན་ཁང་དུ་འཁྲིད་དགོས་བྱུང་ཡོད་འདུག
དེ་ཡང་ཕྱི་ཟླ་༥་ཚེས་༣༡་ཉིན་ནས་བཟུང་ཀན་ལྷོ་བསང་ཆུ་རྫོང་ཨ་མཆོག་ཡུལ་ཚོའི་བོད་མི་ཚོས་བླ་རིའི་གཏེར་ཁ་སྔོག་འདོན་ལ་འགོག་རྒོལ་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་ཏེ། ཉིན་གྲངས་བཞི་འགྲོ་བཞིན་ཡོད་པ་ལྟར། སུད་སིར་གནས་སྡོད་བོད་མི་ཡུམ་སྐྱབས་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། དེ་རིང་ཚེས་༣་ཉིན་གྱི་ཞོགས་པར་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་སྣེ་ཁྲིད་པ་ཚོའི་གཙོས་བོད་མི་དྲུག་ལ་རྒྱ་གཞུང་གི་ཉེན་རྟོག་པས་རྡུང་རྡེག་ཚབས་ཆེན་བཏང་རྗེས་སྨན་ཁང་དུ་ཁྲིད་ཡོད་པ་དང་། རྡུང་རྡེག་ཚབས་ཆེན་ཕོག་པའི་མི་དེ་དག་ནི། ཨ་མགོན་སྡེ་བའི་ནང་གི་ཚེ་དབང་སྐྱབས། ཁིས་དམར་སྡེ་བའི་རྟམ་སྒྱིའུ། ལྦ་སྣ་སྡེ་བའི་ནབ་ཅད། སྤུངས་སྡེ་བའི་ནང་གི་མགོ་རྒན། ད་དུང་ཉི་མ་ལུང་སྡེ་བའི་མི་གཅིག་དང་། དགོང་གཞིས་སྡེ་བའི་ནང་གི་མི་གཅིག་བཅས་ཡིན་འདུག ད་ལྟའི་ཆར་ཁོང་ཚོའི་གནས་སྟངས་ཞིབ་ཕྲ་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་པ་འདུག
དེ་ལྟར་ཡུལ་མི་དྲུག་ལ་གཅར་རྡུང་བཏང་བའི་དོན་རྐྱེན་བྱུང་རྗེས་ས་གནས་གནད་ཡོད་མི་སྣ་རྣམས་འཛོམས་ནས། ཚེས༤ཉིན་ཨ་མཆོག་ཚོ་བ་བརྒྱད་ཀྱི་ཁྱིམ་ཚང་རེ་ནས་མི་རེ་སྤྱི་བསངས་གཏོང་ཡུལ་ཨ་མཆོག་བདེ་སྨོན་ཐང་དུ་འཛོམས་དགོས་པའི་བརྡ་བཏང་ཡོད་པ་དང་གནས་ཚུལ་ཛ་དྲག་ཏུ་གྱུར་བཞིན་ཡོད་འདུག ཨ་མཆོག་ཚོ་བ་བརྒྱད་ལ་སྡེ་བ་༤༦་ཡོད་པ་དང་ཁྱིམ་ཚང་སུམ་སྟོང་ཡས་ཡོད་པ་རེད་འདུག

གསར་འགོད་པ་དཔལ་ལྡན་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎