ཨ་མཆོག་གི་སྲིད་གཞུང་ལས་ཁུངས་མདུན་དུ་ཞུ་འབོད་སྐད་འབོད།


2016.06.02
ཨ་མཆོག་ཡུལ་མི་ཚོས་སྲིད་གཞུང་ལས་ཁུངས་མདུན་ཞུ་འབོད་སྐད་འབོད་སྐབས། ༢༠༡༦།༦།༢

ཨ་མཆོག་ཡུལ་མི་ཚོས་སྲིད་གཞུང་ལས་ཁུངས་མདུན་ཞུ་འབོད་སྐད་འབོད་སྐབས། ༢༠༡༦།༦།༢ བོད་འབྱོར།

ཨ་མཆོག་ཡུལ་མི་ཚོས་སྲིད་གཞུང་ལས་ཁུངས་མདུན་ཞུ་འབོད་སྐད་འབོད་སྐབས། ༢༠༡༦།༦།༢

ཨ་མཆོག་ཡུལ་མི་ཚོས་སྲིད་གཞུང་ལས་ཁུངས་མདུན་ཞུ་འབོད་སྐད་འབོད་སྐབས། ༢༠༡༦།༦།༢

ཨ་མཆོག་ཡུལ་མི་ཚོས་སྲིད་གཞུང་ལས་ཁུངས་མདུན་ཞུ་འབོད་སྐད་འབོད་སྐབས། ༢༠༡༦།༦།༢

ཨ་མཆོག་ཡུལ་མི་ཚོས་སྲིད་གཞུང་ལས་ཁུངས་མདུན་ཞུ་འབོད་སྐད་འབོད་སྐབས། ༢༠༡༦།༦།༢

ཨ་མཆོག་ཡུལ་མི་ཚོས་སྲིད་གཞུང་ལས་ཁུངས་མདུན་ཞུ་འབོད་སྐད་འབོད་སྐབས། ༢༠༡༦།༦།༢

ཨ་མཆོག་ཡུལ་མི་ཚོས་སྲིད་གཞུང་ལས་ཁུངས་མདུན་ཞུ་འབོད་སྐད་འབོད་སྐབས། ༢༠༡༦།༦།༢

ཨ་མཆོག་ཡུལ་མི་ཚོས་སྲིད་གཞུང་ལས་ཁུངས་མདུན་ཞུ་འབོད་སྐད་འབོད་སྐབས། ༢༠༡༦།༦།༢

ཨ་མཆོག་ཡུལ་མི་ཚོས་སྲིད་གཞུང་ལས་ཁུངས་མདུན་ཞུ་འབོད་སྐད་འབོད་སྐབས། ༢༠༡༦།༦།༢

ཨ་མཆོག་ཡུལ་མི་ཚོས་སྲིད་གཞུང་ལས་ཁུངས་མདུན་ཞུ་འབོད་སྐད་འབོད་སྐབས། ༢༠༡༦།༦།༢

ཨ་མཆོག་ཡུལ་མི་ཚོས་སྲིད་གཞུང་ལས་ཁུངས་མདུན་ཞུ་འབོད་སྐད་འབོད་སྐབས། ༢༠༡༦།༦།༢ ཨ་མཆོག་ཡུལ་མི་ཚོས་སྲིད་གཞུང་ལས་ཁུངས་མདུན་ཞུ་འབོད་སྐད་འབོད་སྐབས། ༢༠༡༦།༦།༢

ཨ་མཆོག་ཡུལ་མི་ཚོས་སྲིད་གཞུང་ལས་ཁུངས་མདུན་ཞུ་འབོད་སྐད་འབོད་སྐབས། ༢༠༡༦།༦།༢

ཨ་མཆོག་ཡུལ་མི་ཚོས་སྲིད་གཞུང་ལས་ཁུངས་མདུན་ཞུ་འབོད་སྐད་འབོད་སྐབས། ༢༠༡༦།༦།༢

ཨ་མཆོག་ཡུལ་མི་ཚོས་སྲིད་གཞུང་ལས་ཁུངས་མདུན་ཞུ་འབོད་སྐད་འབོད་སྐབས། ༢༠༡༦།༦།༢

ཨ་མཆོག་ཡུལ་མི་ཚོས་སྲིད་གཞུང་ལས་ཁུངས་མདུན་ཞུ་འབོད་སྐད་འབོད་སྐབས། ༢༠༡༦།༦།༢

ཨ་མཆོག་གི་གོང་སྔོན་བླ་རིའི་གསེར་གྱི་གཏེར་ཁ་སྔོག་འདོན་གྱི་ལས་གཞིར་ངོ་རྒོལ་བྱ་མཁན་ཚོ་ད་ཆ་ཨ་མཆོག་ཡུལ་ཚོའི་ས་གནས་རྒྱ་ནག་གཞུང་གི་ལས་ཁུངས་མདུན་འབྱོར་ཏེ་མུ་འཐུད་ངོ་རྒོལ་སྐད་འབོད་བྱས་འདུག།
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་ཕྱི་ཟླ་༦་ཚེས་༢་ཉིན། མདོ་སྨད་བསང་ཆུ་རྫོང་ཨ་མཆོག་ས་གནས་ཀྱི་བོད་མི་བརྒྱ་ཕྲག་བརྒལ་བ་ཨ་མཆོག་ཡུལ་ཚོའི་ས་གནས་རྒྱ་ནག་གི་སྲིད་གཞུང་ལས་ཁུངས་མདུན་འཛོམས་ནས། མུ་མཐུད་དུ་ཨ་མཆོག་གོང་སྔོན་བླ་རིའི་གཏེར་ཁ་སྔོན་འགོག་ཞེས་བོད་རྒྱ་ཡིག་རིགས་གཉིས་ཐོག་འཁོད་པའི་འཕྲེད་དར་འཕྱར་བཞིན། ཁོང་ཚོས་གོང་རིམ་གྱི་ཁྲིམས་དང་མཐུན་པའི་སྒོ་ནས་བོད་ཡུལ་ལ་སྲུང་སྐྱོབ་བྱོས། ཁོར་ཡུག་ལ་སྲུང་སྐྱོབ་བྱོས། བླ་རི་ལ་སྲུང་སྐྱོབ་བྱོས། མི་མང་ལ་འཆམ་མཐུན་དང་བདེ་འཇགས་དགོས། ལྷ་རྒྱལ་ལོ་ཞེས་སྐད་འབོད་བྱས་ཡོད་པ་རེད།
ས་གནས་བོད་མི་ཞིག་གིས་བརྗོད་དོན། བོད་མི་ཞུ་འབོད་བ་ཚོ་ཐོག་མར་ཨ་མཆོག་ཡུལ་ཚོའི་གཏེར་ཁ་སྔོག་ཡུལ་དང་། རིམ་པས་ཡུལ་ཚོའི་གཞུང་ལམ་ཐོག་འཛོམས་ནས་གཏེར་ཁ་བསྔོག་འདོན་འགོག་ཆེད་ངོ་རྒོལ་གྱི་འབོད་ཚིག་འདྲ་མིན་སྒྲོག་བཞིན་ས་གནས་རྒྱ་ནག་གི་སྲིད་གཞུང་གི་ལས་ཁུངས་མདུན་དུ་བསྐྱོད་དེ་ངོ་རྒོལ་སྐད་འབོད་བྱས་སྐབས། ཉེན་རྟོག་པ་མང་པོ་ཡོང་ནས་བསྐོར་བ་ལས་དྲག་གནོན་བྱས་པའི་གནས་ཚུལ་བྱུང་མ་སོང་ཅེས་དང་། འོན་ཀྱང་གལ་ཏེ་སྲིད་གཞུང་ནས་ས་གནས་བོད་མི་ཚོའི་འབོད་སྒྲར་བདག་སྤྲོད་མ་བྱས་ཚེ་གནས་སྟངས་ཇེ་སྡུག་ཏུ་འགྲོ་ཉེན་ཡོད་པ་འགྲེལ་བརྗོད་བྱས་ཡོད་པ་རེད།
ཨ་མཆོག་གི་བོད་མི་ཚོས་གོང་སྔོན་བླ་རི་དང་ས་གནས་སྲིད་གཞུང་མདུན་བཅས་སུ་བསྟུད་མར་ཞུ་འབོད་སྐད་འབོད་བྱས་ནས་ཉིན་གྲངས་གསུམ་འགྲོ་བཞིན་ཡོད་པ་དང་། གཉན་ཆེན་གོང་སྔོན་བླ་རི་ནི་ཨ་མཆོག་ས་གནས་ཡུལ་མིས་མི་རབས་ནས་མི་རབས་བར་མཆོད་བཀུར་བྱེད་ཡུལ་གྱི་བླ་རི་ཡིན་ཞིང་། རྒྱ་ནག་གི་གཏེར་སྔོག་ཚན་པ་ཁག་གིས་ད་བར་ཚད་ལས་བརྒལ་བའི་གཏེར་ཁ་བསྔོག་འདོན་བྱས་སྟབས། དེ་སྔ་སྤྱི་ལོ་༢༠༡༢་ལོ་བོད་མི་དཀོན་མཆོག་ཚེ་རིང་དང་། དོན་གྲུབ་ཚེ་རིང་གཉིས་ཀྱིས་གཏེར་ཁ་སྔོག་ཡུལ་ནས་རང་ལུས་མེར་བསྲེགས་པའི་གནས་ཚུལ་བྱུང་ཡོད་པ་རེད། ས་གནས་བོད་མི་ཚོས་དེ་སྔོན་ཡང་གཏེར་སྔོག་མཚམས་འཇོག་གི་ཐད་ཡང་ཡང་རེ་ཞུ་བྱས་ཀྱང་ཕན་ནུས་བྱུང་མེད་པ་རེད་འདུག།

གསར་འགོད་པ་ཀླུ་འབུམ་དང་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎