རྒྱ་གཞུང་གིས་ཁ་བྲལ་འགོག་རྒོལ་ཁྲིམས་ལུགས་གཏན་འབེབས།

ཤར་ཏུར་ཀི་སི་ཐན་ནང་དུས་ཟིང་བྱུང་རྗེས་རྒྱ་ནག་གཞུང་གིས་ཁ་བྲལ་ལ་འགོག་རྒོལ་གྱི་ས་གནས་ཁྲིམས་ལུགས་གཏན་འབེབས་བྱ་རྒྱུར་སྐུལ་སྤེལ།

2009.07.20

༄༅༎རྒྱ་ནག་གིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀི་སི་ཐན་ནང་དུས་ཟིང་བྱུང་བའི་རྗེས་རྒྱ་ནག་གཞུང་གིས་ཁ་བྲལ་ལ་འགོག་རྒོལ་གྱི་ས་གནས་ཁྲིམས་ལུགས་གཏན་འབེབས་བྱ་རྒྱུར་སྐུལ་སྤེལ་བྱེད་བཞིན་ཡོད་པ་རེད།

ད་རེས་ཤིན་ཅང་གི་དུས་ཟིང་དེའི་ནང་མགོ་ལ་རས་ནག་པོ་གྱོན་པའི་བུད་མེད་མང་པོ་ཞིག་གིས་ངོ་རྒོལ་གྱི་ལས་འགུལ་ནང་སྐུལ་སློང་དང་འགོ་ཁྲིད་ཀྱི་ལས་འགན་འཁྱེར་ཡོད་པའི་སྐོར་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་ཡོད་པ་བཞིན་རྒྱ་ནག་གཞུང་གིས་གནད་དོན་དེའི་ཞིབ་ཕྲའི་གནས་ཚུལ་མུ་མཐུད་ནས་རྩད་གཅོད་བྱ་རྒྱུ་ཡིན་ལུགས་བཤད་ཡོད་པ་དང་དེ་དང་ཆབས་ཅིག་གཞུང་ཕྱོགས་ནས་ས་གནས་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་ཚོགས་མི་ཚོར་ཁྲིམས་ཐོག་ནས་ཤིན་ཅང་ནང་ཁ་བྲལ་ལ་འགོག་རྒོལ་གྱི་ཁྲིམས་ལུགས་གཏན་འབེབས་བྱ་རྒྱུར་སྐུལ་སྤེལ་བྱེད་བཞིན་པའི་སྐོར་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་གྱིས་གཟའ་ཟླ་བའི་ཉིན་གནས་ཚུལ་སྤེལ་ཡོད་པ་རེད།

ད་རེས་ཤར་ཏུར་ཀི་སི་ཐན་ནམ་ཤིན་ཅང་ནང་གི་དུས་ཟིང་དེ་བཞིན་རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ནང་བྱུང་མྱོང་མེད་པ་ཞིག་ཡིན་པ་དང་ཤིན་ཅང་རང་སྐྱོང་ལྗོངས་མི་མང་འཐུས་མི་ཚོགས་ཆེན་གྱིས་ཤིན་ཅང་ནང་གི་དུས་ཟིང་དེ་བཞིན་ནང་ཁུལ་དང་ཕྱི་ཕྱོགས་སུ་ཡོད་པའི་ཁ་བྲལ་རིང་ལུགས་པ་དང་ཐལ་བསྐྱོད་པ་འཇིགས་སྐུལ་དྲག་སྤྱོད་པ་གསུམ་གྱིས་མཉམ་དུ་སྤེལ་བ་ཞིག་ཡིན་ལུགས་སྐྱོན་འཛུགས་བྱས་ནས་ཤིན་ཅང་ས་གནས་ནང་ཁ་བྲལ་ལ་ངོ་རྒོལ་ཁྲིམས་ལུགས་ཁ་སྣོན་གཏན་འབེབས་བྱ་རྒྱུའི་སྐུལ་སྤེལ་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀི་སི་ཐན་ནང་གི་དུས་ཟིང་དེའི་ནང་རྒྱ་ནག་གཞུང་ཕྱོགས་ཀྱི་བརྗོད་པའི་གྲངས་འབོར་གཞིར་བཟུང་བྱས་ན་ད་བར་མི་གྲངས་༡༩༧རྐྱེན་ལམ་དུ་ཕྱིན་ཡོད་པ་དང་མི་གྲངས་༡༧༠༠ལྷག་ཙམ་རྨས་སྐྱོན་ཕོག་ཡོད་ལུགས་དང་རྐྱེན་འདས་སུ་ཕྱིན་པའི་ནང་མི་མང་ཆེ་བ་ཧན་རྒྱ་མི་རིགས་ཡིན་ལུགས་བཤད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎