ཆབ་སྲིད་ལ་བརྟེན་ནས་བྱ་དགའ་སྤྲོད་རྒྱུ་ཕྱིར་འཐེན་བྱས་པ།


2013.11.28
༸སྐུའི་བླ་སྨན་པ་ཚེ་བརྟན་རྡོ་རྗེ་ལགས།
བོད་ཀྱི་དྲ་བརྙན།

༄༅།    །བཙན་བྱོལ་བོད་མིའི་སྨན་ཁང་གི་སྨན་པ་ཞིག་ལ་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་གློ་བའི་ནད་གཞི་འགོག་ཐབས་དང་སྨན་བཅོས་ཐོག་གཟེངས་སུ་ཐོན་པའི་ལས་དོན་ལ་བསྔགས་བརྗོད་ཆེད་གཟེངས་རྟགས་སྤྲོད་རྒྱུའི་ཁོངས་སུ་འདེམས་ཐོན་བྱུང་ཡོད་ཀྱང་། ཆབ་སྲིད་ཀྱི་གནས་ཚུལ་གྱིས་རྐྱེན་པས་གཟེངས་རྟགས་སྤྲོད་སའི་ཁོངས་སུ་འདེམས་རྒྱུ་ཕྱིར་འཐེན་བྱས་ཡོད་པའི་སྐོར་The Wall Street Journal ཚགས་ཤོག་གིས་གནས་ཚུལ་སྤེལ་འདུག    དེ་ཡང་ད་ལོ་ཕྱི་ཟླ་བརྒྱད་པའི་ནང་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་བཞུགས་སྒར་དྷ་རམ་ས་ལར་རྟེན་གཞི་བྱེད་པའི་བདེ་ལེགས་སྨན་ཁང་གི་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་སུ་ཁོང་གིས་བཙན་བྱོལ་སྤྱི་ཚོགས་ཁྲོད་གློ་བའི་ནད་གཞི་སྔོན་འགོག་དང་བཅོས་ཐབས་ཀྱི་སྨན་བཅོས་ལས་དོན་གཟེངས་སུ་ཐོན་པའི་འབྲས་བུར་བསྔགས་བརྗོད་ཆེད།    འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་Kochon གཟེངས་རྟགས་གནང་རྒྱུའི་ཐག་གཅོད་བྱུང་བའི་སྐོར་བརྗོད་ཡོད་པ་རེད།  འོན་ཀྱང་ཐ་མའི་ཐག་གཅོད་བྱེད་པའི་སྐབས་བདེ་ལེགས་སྨན་ཁང་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དབར་འབྲེལ་བ་ཡོད་ལུགས་བརྗོད་དེ།     གཟེངས་རྟགས་གནང་རྒྱུའི་ཁོངས་སུ་ནས་ཕྱིར་ཐེན་བྱས་ཡོད་ཅིང་།  འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་མགྲིན་ཚབ་པས་བརྗོད་པར་གཞིགས་ན།  གཟེངས་རྟགས་དེ་བཞིན་ འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་གློ་ནད་ཐོག་གི་མཁས་པ་ཁག་གི་ཚོགས་ཆུང་ཞིག་ཡོད་པ་དེས་འདེམས་ཀྱི་ཡོད་པ་དང་།  མཐར་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་འགན་འཛིན་ནས་མོས་མཐུན་གནང་དགོས་ཀྱི་ཡོད་ཅིང་།  ད་རེས་བདེ་ལེགས་སྨན་ཁང་གི་སྨན་པ་འདེམས་ཐོན་མ་བྱུང་བ་དེ་ནི། སྨན་ཁང་དེ་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དབར་འབྲེལ་བ་ཡོད་པ་དང་།  བཙན་བྱོལ་བོད་མིའི་སྒྲིག་འཛུགས་དེ་བཞིན་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་ངོས་ལེན་མེད་པར་བརྟེན་ནས་ཡིན་ལུགས་བརྗོད་ཡོད་འདུག   ཡང་གཟེངས་རྟགས་སྤྲོད་ས་འདེམས་སྒྲུབ་བྱེད་མཁན་གྱི་ཚོགས་ཆུང་དང་འབྲེལ་བ་ཡོད་པའི་མི་སྣ་ཚོས་གསུངས་བ་ཚགས་ཤོག་དེས་ལུང་འདྲེན་བྱས་ཡོད་པའི་ནང་  གཟེངས་རྟགས་སྤྲོད་ཡུལ་འདེམས་ཡས་དེའི་ཐོག་རྒྱ་ནག་གཞུང་གིས་ཀྱང་འདོད་མོས་མེད་པའི་རྣམ་འགྱུར་མཁྲེགས་པོ་བཏོན་ཡོད་པའི་སྐོར་བརྗོད་འདུག །
གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎