འཛམ་གླིང་གི་རྒྱལ་ཁབ་ཁག་གིས་མྱུར་སྐྱོབ་རོགས་སྐྱོར།


2013.11.13
རྒྱ་མཚོའི་རླུང་འཚུབ་གྱི་གོད་ཆགས་ཚབས་ཆེན་ཕོག་སའི་ཧྥེ་ལེ་པིན་ལ་ཨ་རི་སོགས་ཕྱི་ནས་རོགས་རམ་བྱེད་བཞིན་པ། རྒྱ་མཚོའི་རླུང་འཚུབ་གྱི་གོད་ཆགས་ཚབས་ཆེན་ཕོག་སའི་ཧྥེ་ལེ་པིན་
པར། AFP

རྒྱ་མཚོའི་རླུང་འཚུབ་གྱི་གོད་ཆགས་ཚབས་ཆེན་ཕོག་སའི་ཧྥེ་ལེ་པིན་ལ་འཛམ་གླིང་གི་རྒྱལ་ཁབ་ཁག་གིས་མྱུར་སྐྱོབ་རོགས་སྐྱོར་ཤུགས་ཆེན་གཏོང་བཞིན་པ་རེད།

དེ་ཡང་Philippines རྒྱལ་ནང་Typhoon Haiyan ཞེས་པའི་ནུབ་ཞི་བདེ་རྒྱ་མཚོའི་རླུང་འཚུབ་ཀྱི་རྐྱེན་པས་ཁུལ་དེར་རྐྱེན་ངན་གོད་ཆགས་ཤུགས་ཆེན་ཕོག་ཡོད་པར་བརྟེན། ད་ཆ་འཛམ་གླིང་གི་རྒྱལ་ཁབ་ཁག་གིས་གཏོང་ཕོད་ཆེན་པོས་ངལ་སེལ་མྱུར་སྐྱོབ་དང་། ཛ་དྲག་རོགས་སྐྱོར་ཆེད་དམག་མི་གཏོང་བ། དངུལ་དང་དངོས་ཟོག་གི་རོགས་རམ་ཤུགས་ཆེན་བྱེད་འགོ་བཙུགས་འདུག

ཉི་ཧོང་གིས་དམག་མི་༡༠༠༠ཐམ་པ་ཆེད་གཏོང་བྱ་རྒྱུའི་མཉམ་མཚོ་དམག་གྲུ་གཟིངས་གསུམ་དང་། གནམ་གྲུ་བཅས་གཏོང་རྒྱུ་ཡིན་པ་བཤད་འདུག

དེ་བཞིན་ཨ་མི་རི་ཀས་མཚོ་ཐོག་སྐྱེལ་འདྲེན་གྲུ་གཟིགས་ཆེ་བ་དང་། དམག་མི། དངོས་ཟོག་མང་པོ་བཏང་ཐོག་ཨ་སྒོར་ས་ཡ་༢༠ཡིས་རོགས་དངུལ་གནང་ཡོད་པ་དང་།

རྒྱ་ནག་གིས་ཨ་སྒོར་འབུམ་གཅིག་གི་རོགས་དངུལ་གནས་ཡོད་པ་རེད།

རེས་གཟའ་པ་སངས་ཉིན་ཁུལ་དེར་བྱུང་བའི་ལོ་རྒྱུས་ཐོག་དྲག་ཤུགས་ཆེ་ཤོས་ཀྱི་Typhoon Haiyan ཞེས་པའི་རླུང་འཚུབ་དེའི་འོག་ Tacloban མཚོ་ཁའི་གྲོང་ཁྱེར་ལ་མི་ཤི་སྐྱོན་ཆགས་ཆེ་ཤོས་བྱུང་ཡོད་པ་དང་། ད་ལྟ་ཁུལ་དེའི་མི་འབོར་ལ་གཞིགས་པས་ཚོད་དཔག་བྱས་ན། མི་གྲངས་༢༠༠༠ལྷག་རྐྱེན་ལམ་དུ་སོང་བ་དང་། མི་གྲངས་འབུམ་བདུན་ཙམ་གྱི་སྡོད་ཁང་གཏོར་བཤིག་ཏུ་སོང་ཡོད་པ་མ་ཟད་། ཁུལ་དེར་ཕྱི་ནང་གཉིས་ནས་མྱུར་སྐྱོབ་ལས་དོན་སྤེལ་བར་འགྲིམ་འགྲུལ་གྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎