བོད་ནང་ཨེཌཛྀནད་གཞི་ཇེ་འཕར་གྱི་དཀའ་ངལ།


2018.12.21
གཉན་ནད་རེག་དུག་སྐོར་གླེང་བ། གཉན་ནད་རེག་དུག་ནད་གཞི།
འཛམ་གླིང་འཕྲོད་བསྟེན།

བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་ཨེཌཛྀ་ནད་གཞིས་རྐྱེན་པས་ཁྱིམ་ཚང་ཞིག་གི་ཁྱིམ་མི་དྲུག་པོར་ཨེཌཛི་ནད་གཞི་འགོས་ཡོད་པ་དང། ཡང་བོད་གཞིས་ཀ་རྩེ་ཁུལ་དུ་ནང་མི་བཅུ་ཅན་གྱི་ཁྱིམ་ཚང་ཞིག་གི་བུར་ནད་གཞི་དེ་འགོས་པའི་རྐྱེན་གྱིས་ད་ལྟ་ཁྱིམ་ཚང་དེའི་སྤོ་བོ་རྨོ་བོ་ཕུད་པའི་ནང་མི་བརྒྱད་པོར་ཨེཌཛི་ན་ཚ་ཕོག་ཡོད་པ་ ཟླ་བ་འདིའི་ཚེས་༡༡ ཉིན་བོད་ཀྱི་བུད་མེད་རྩོམ་པ་པོ་ར་ཛ་འཇམ་དབྱངས་སྐྱིད་ལགས་ཀྱིས་སྤྱི་ཚོགས་དྲ་ལམ་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།  
དེང་སང་བོད་ནང་དུ་ཨེ་ཙིའི་ནད་པ་མང་དུ་འགྲོ་ཡི་ཡོད་པ་དང། ལྷག་པར་དུ་བོད་ཀྱི་རྒྱལ་ས་ལྷ་ས་དང། ཆབ་མདོའི་ཁུལ་དུ་མང་ཤོས་ཡིན་པར་བོད་ནང་གི་བོད་མི་ཁག་གཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་བྱས་ཡོད་ལ།  བོད་ནང་གི་གཞུང་འབྲེལ་མིན་པའི་ཚོགས་པ་འདྲ་མིན་གྱིས་བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་ཁག་ནང་ཚབས་ཆེའི་ན་ཚ་དེའི་གོ་རྟོགས་སྤེལ་རྒྱུ་དང་སྔོན་འགོག་གི་ལས་འཆར་སོགས་སྤེལ་བཞིན་ཡིན་པ་འདུག
ཕྱི་ལོ་༢༠༡༦ ལོར་བོད་ལྗོངས་རིམས་འགོག་ལྟེ་གནས་ཁང་གིས་ཆེད་དུ་ཨེཌཛོ་མ་ཚ་དང་འབྲེལ་བའི་ཉམས་ཞིབ་བྱས་པའི་གྲངས་ཀ་ལྟར་ན།    ལྷ་སའི་ཁུལ་དུ་ཨེ་ཛི་ནད་པ་༢༣༡དང། ཆབ་མདོ་ཁུལ་དུ་ནད་པ་༦༤ ནག་ཆུའི་ཁུལ་ནད་པ་༤༣ གཞིས་ཀ་རྩེར་ནད་པ་༤༢ ཉིང་ཁྲི་ཁུལ་༣༧ ལྷོ་ཁར་༣༥ མངའ་རིར་ཨེཌཛི་ནད་པ་༣༤བཅས་ཡོད་པ་བཀོད་འདུག

འོན་ཀྱང་བོད་ནང་ཨེཌཛི་ནད་གཞི་ཕོག་མཁན་གྱི་གྲངས་འབོར་ཇེ་ཆེར་འགྲོ་བཞིན་པའི་རྒྱུ་རྐྱེན་གསལ་ཁ་མེད་ཅིང་།  བོད་ཁྱོན་ཡོངས་དང་དམིགས་བསལ་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་གྲོང་ཁྱེར་ཆེ་ཁག་གི་ནང་རྒྱ་མིའི་མི་འབོར་སྤོ་ཤུགས་ཧ་ཅང་ཆེན་པོ་ཆགས་པ་དང་དེ་དང་མཉམ་དུ་བོད་ཀྱི་གྲོང་ཁྱེར་ཆེ་ཁག་གི་ནང་རྨད་ཚོང་མ་འབོར་ཆེ་བྱུང་བའི་གནད་དོན་ཆགས་ཡོད་པ་རེད།  ཕྱི་ལོ་ ༢༠༠༥ ལོར་དབྱིན་ཡུལ་དུ་ཡོད་པའི་བོད་རང་དབང་ལས་འགུལ་ཚོགས་པས་བོད་ཀྱི་རྒྱལ་ས་ལྷ་ས་གཅིག་པུའི་ནང་རྨད་ཚོང་མ་ཆིག་སྟོང་ཙམ་ཡོད་པའི་སྙན་ཐོ་ཞིག་བཏོན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎