ངོ་རྒོལ་འོག་ཨ་ཡེ་གུས་མོ་ཞུ་བ་ཞིག་འཛིན་བཟུང་བྱས་འདུག


2015.09.17
རྔ་པ་ཁུལ་དུ་དམག་གི་དམ་དྲག
བོད་ནས་བཏང་འབྱོར། ཀུན་བཟང་བསྟན་འཛིན།

༄༅།    །དེའང་ཟླ་༩ཚེས་༡༧ཉིན་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་ཀྱིས་འདི་གར་གནས་ཚུལ་ངོ་སྤྲོད་གནང་གསལ་ལ།  ཟླ་༩ཚེས་༡༠ཉིན་བོད་ཨ་མདོ་རྔ་པ་རྫོང་ཁྲོམ་གཞུང་དུ་ན་གཞོན་གཉིས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱེད་པའི་སྐབས་སུ་མི་མང་གིས་དེར་མཐུད་དེ་སྐད་འབོད་བྱས་ཡོད་པ་དང་ཉིན་དེར་སྐད་འབོད་བྱེད་མཁན་ན་གཞོན་གཉིས་པོ་འཛིན་བཟུང་བྱས་ཡོད་པའི་སྐོར་སྔོན་དུ་གནས་ཚུལ་གཏོང་སྤེལ་ཟིན་པ་དང་།  ཡིན་ནའང་དེའི་སྐབས་སུ་མི་མང་གི་ཁྲོད་ནས་མིང་ལ་ཨ་ཡེ་གུས་མོ་ཞེས་པ་རང་ལོ་༦༤ཙམ་སོན་པ་ཞིག་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་ཅིང་།  ཁོང་མོ་ནི་རྔ་པ་རྫོང་རོང་མཁར་སར་ཡུལ་ཚོའི་རུ་ཆེན་གཉིས་པའི་ནམ་མཁའ་སྐྱབས་ཚང་ནས་ཡིན་ཞིང་།  བཟའ་ཟླ་སོགས་ནང་མི་དགུ་ཡོད་པ་དང་།  ཁོང་མོ་རྒྱུན་དུ་རྔ་པ་རྫོང་མཁར་གྱི་གཞུང་ལམ་གཙང་བཟོའི་ལས་ཀར་ཉིན་གླ་བྱས་ཏེ་འགྲོ་མུས་ཡིན་པ་རེད།   ཁོང་འཛིན་བཟུང་བྱས་རྗེས་གང་དུ་བཙན་ཁྲིད་བྱས་ཡོད་པ་སོགས་ཀྱི་གནས་སྟངས་གསལ་པོ་ཤེས་རྟོགས་བྱུང་མེད་པ་རེད།

དེང་སྐབས་རྔ་པ་རྫོང་མཁར་གྱི་གཞུང་ལམ་ཁག་དང་ལམ་གྱི་བཞི་མདོ་སོགས་ལ་ཉེན་རྟོག་པས་རྒྱུན་དུ་ལྟ་སྲུང་ནན་པོ་བྱེད་པས་མ་ཟད།  གཞུང་གི་ལས་ཁུངས་ཁག་མ་གཏོགས་གཞན་གྱི་དྲ་ལམ་ཡོངས་རྫོགས་མུ་མཐུད་བཀག་སྡོམ་བྱས་ཡོད་པའི་གནས་ཚུལ་འདུག།

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎