གསར་འགྱུར་ཡིག་ཚགས།
2025-03-20
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༨ ཀྱི་ཟུར་ཚོགས་སུ་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས། རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས། རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པའི་གནད་དོན་དང་འབྲེལ། བོད་ནང་གི་འགྲོ་བ་མིའི་གཞི་རྩའི་རང་དབང་སྲུང་སྐྱོབ་ཐད་དོ་སྣང་དང་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་འདུག
2025-03-19
བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་ཚོར་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་བའི་སྐབས་ཁོང་རྣམ་པའི་ཐུགས་སྣང་དང་རྒྱབ་སྐྱོར་ཡག་པོ་གནང་ཡོད་པ།
2025-03-19
ཨ་མི་རི་ཀའི་མངའ་སྡེ་Pennsylvaniaའི་ནང་གི་གྲོང་ཁྱེར་ཆེ་ཤོས་Philadelphiaའི་བོད་མིའི་སྤྱི་མཐུན་ཚོགས་པའི་ཁྱབ་ཁོངས་གཟའ་མཇུག་བོད་ཡིག་སློབ་གྲྭ།
2025-03-19
སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་གསུམ་པའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ལ་དོ་ཕོག་ཕྱིན་པ་དེས། རྒྱ་ནག་གཞུང་གི་འཁྱོག་བཤད་ལ་ཁ་གཏད་ཀྱི་བརྒྱུད་ལམ་ཐོག་དོ་ཕོག་ཆེན་པོ་དང་རྒྱ་ནག་ལ་ཁེ་ཕན་ཆེན་པོ་བསྐྲུན་པ་རེད་ཅེས་གསུངས་པ།
2025-03-18
བོད་མིའི་དབུ་ཁྲིད་རྣམ་པ་དང་རྒྱལ་སྤྱིའི་གསར་འགྱུར་རང་དབང་རྩོད་ལེན་ཚོགས་སྡེ་ཁག་གིས་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་ (USAGM) མེད་པས་བཟོ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་བྱས་ཏེ། ཐག་གཅོད་འདིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ (RFA) དང་ཨ་རིའི་རླུང་འཕྲིན་ཁང་ (VOA) བཅས་ཀྱི་མ་འོངས་པར་མདུན་ལམ་ལ་ཉེན་ཁ་བཟོས་ཡོད་ཅེས་སྐྱོན་བརྗོད་དང་རྒྱ་ནག་གི་ཕྱོགས་ནས་དགའ་བསུ་བྱས་འདུག།
2025-03-18
ཨ་མི་རི་ཀའི་རོགས་དངུལ་བཀག་སྐྱིལ་གྱིས་སྔོན་རྩིས་ལས་གཅོག་ཆ་བྱེད་དགོས་པ་ཕལ་ཆེ་བ་ཚོགས་འདུ་དང་ཟབ་སྦྱོང་གི་རིགས་ཡིན་པས་སྤྱི་ལོ་ ༢༠༢༥ ནས་ ༢༦ སྔོན་རྩིས་ནང་དཀའ་ངལ་འཕྲད་གཞི་ཆེ་བ་གང་ཡང་མེད་པ་སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་ལགས་ནས་གྲོས་ཚོགས་སུ་གསལ་བཤད་གནང་སོང་།
2025-03-17
ཕྱི་ཟླ་ ༣ ཚེས་ ༡༧ ནས་ ༣༡ བར་ཉིན་གྲངས་བཅུ་གསུམ་རིང་འཚོག་བཞིན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༧ གྲོས་ཚོགས་ཚོགས་དུས་ ༩ པའི་སྟེང་། སྔོན་རྩིས་གཏན་འབེབས་ཀྱི་ཁར་ཁྲིམས་བཟོའི་ལས་དོན་དང་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་། གཞུང་འབྲེལ་རྗེས་དྲན་དང་མྱ་ངན་གུས་འདུད་ཀྱི་གྲོས་འཆར། མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་དང་ཐུགས་སྣང་གཞེན་སྐུལ་གྱི་གྲོས་འཆར་ཁག་ཅིག་ཡོང་གི་ཡོད་པ་རེད།
2025-03-15
འཇར་མ་ནིའི་ཁོངས་སུ་གྲོང་སྡེ་ལྷན་ཚོགས་དང་རྫོང་སོགས་མི་འདྲ་བ་ ༤༠༠ བརྒལ་བའི་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་ཡོད་ལ། དེ་བཞིན་ཨ་རི་དང་། ཡོ་རོབ་ས་ཁུལ་ཁག་ཏུའང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་ཡོད་པ་རེད།
2025-03-14
ཕྱི་ཚེས་༣ དང་༤ དང་༥ བཅས་གཉིས་རིང་ཨོ་ཌི་ཤ་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་ས་གནས་ཀྱིས་མི་ལོ་༦༠ ཧྲིལ་པོར་འཁོར་བའི་དུས་དྲན་མཛད་སྒོ་སྲུང་བརྩི་ཞུས་ཡོད་པ་རེད།
2025-03-14
རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱེད་པའི་རྒྱ་གར་བོད་ཀྱི་གྲོགས་པོ་ཚོགས་པའམ་Friends of Tibet ཐོག་མར་ཆེད་བཙུགས་གནང་དགོས་པའི་དམིགས་ཡུལ།
2025-03-14
ཨིན་ཇིའི་ནུས་ཁུངས་དང་གནམ་ཤིས་འགྱུར་ལྡོག་ (UK Energy & Climate Ministry) གི་དྲུང་ཆེ་ཨེཌ་མི་ལི་བྷེནཌ་(Ed Miliband) ལགས་ཀྱིས་འདི་ཚེས་ ༡༧ ཉིན་རྒྱ་ནག་རྒྱལ་ས་པེ་ཅིང་ཏུ་ཕེབས་རྒྱུ་ཡིན་པར་རྒྱ་ནག་དང་ལྷན། ནུས་ཁུངས་མཉམ་ལས་དང་རྒྱ་ནག་ནི་འཛམ་གླིང་ནང་གི་མཁའ་རླུང་ལ་ནག་རྫས་གཏོང་མཁན་ཆེ་ཤོས་གྲས་ཡིན་པས་དེར་གདོང་ལེན་བྱ་རྒྱུ་བཅས་གནད་དོན་གཙོ་བོ་གཉིས་ཀྱི་ཐོག་གྲོས་མོལ་བྱ་རྒྱུ་ཡིན་སྐོར་དེ་རིང་རྒྱལ་སྤྱིའི་གསར་ཁང་ (The Guardian) བརྒྱུད་གསུངས་འདུག་པ་ལས། སྐབས་དེར་བློན་ཆེན་མཆོག་ནས་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་གནད་དོན་སྐོར་གླེང་སློང་གནང་རྒྱུ་ཡིན་སྐོར་གང་ཡང་གསལ་སྟོན་གནང་མི་འདུག
2025-03-14
བོད་མི་ཙམ་དུ་མ་ཟད་རྒྱ་གར་མང་ཚོགས་གང་མང་ཁྲོད་བོད་པའི་སློབ་ཕྲུག་རྣམས་ཀྱི་བོད་དོན་ཐད་ཚོར་བ་དང་བསམ་བློ་གསལ་སྟོན་བྱེད་ཆེད་དང་། བོད་པའི་གཞོན་སྐྱེས་ཁྲོད་རི་མོའི་སྒྱུ་རྩལ་གྱི་ལམ་ནས་བོད་ཀྱི་འཐབ་རྩོད་ཀྱི་གོ་རྟོགས་སྤེལ་ཆེད་རྒྱལ་ས་ལྡི་ལིར་ང་བོད་དུ་ཡོད་ན་ཅེས་པའི་རི་མོའི་འགྲེམས་སྟོན་གནང་ཡོད་པ།
2025-03-13
ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ལ་ཨ་རིའི་ངོས་ནས་བོད་དོན་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་མེད་པ་ཡིག་ཐོག་བཀའ་ལན་གནང་ཡོད་འདུག
2025-03-13
སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞི་བདེ་དང་སྙིང་རྗེ། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་མཛད་རྗེས་ལ་ངོས་འཛིན་གྱིས་ ༢༠༢༥ ་ལོའི་ (Gold Mercury) ་གསེར་གྱི་གཟེངས་རྟགས་དེ་མགོན་པོ་མཆོག་ལ་ཕུལ་གཏན་འཁེལ་འདུག
2025-03-13
བོད་ཀྱི་ཆབ་སྲིད་བཙོན་ཟུར་ཛམ་ལྷ་ལགས་ཀྱིས་ཡོ་རོབ་ནང་གི་བོད་མི་སྟོང་འཚོ་གནས་ཡུལ་སྦེལ་ཇིཡམ་གྱི་རྒྱལ་ས་སྦརཱ་སེལསི་གྲོང་ཁྱེར་གྱི་ཟུར་དུ་འཁེལ་བའི་ལིའུ་ཝན་ (Leuven) ས་གནས་སུ་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཞིག་སྤེལ་ནས་ལོ་ངོ་ཁ་ཤས་སོང་ཡོད་པ་རེད།