འཛམ་གླིང་ས་ཕྱོགས་གང་སར་འདི་ལོ་བོད་མིའི་གསུམ་བཅུའི་སྒེར་ལངས་ཐེངས་ ༦༦ པ་སྲུང་བརྩི་ཞུས་ཡོད་པ།
མི་འབོར་འབུམ་བཞི་ལྷག་ཡོད་པའི་ཨ་རིའི་ཁེ་ལི་ཧྥོར་ནི་ཡ་མངའ་སྡེའི་ལྷོ་ཕྱོགས་སེན་ཊཱ་སྦར་སྦ་ར་གྲོང་སྡེ་ལྷན་ཚོགས་དང་རྫོང་བཅས་ཀྱིས་ཕྱི་ཟླ་ ༣ ཚེས་ ༡༠ དང་ ༡༡ སོ་སོར་གཞུང་འབྲེལ་བསྒྲགས་གཏམ་སྤེལ་ཏེ་གསུམ་བཅུའི་དུས་དྲན་ཉིན་མོ་འདི་བཞིན་བོད་ཀྱི་ཉིན་མོ་ཞེས་སྤྱི་མོས་ཀྱི་གཏན་འབེབས་གནང་ཡོད་ཅིང་། སེན་ཊཱ་སྦར་སྦ་ར་རྫོང་གིས་ཕྱི་ཟླ་ ༣ ཚེས་ ༢༠ ཉིན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུ་ཐུགས་གཏན་འཁེལ་འདུག ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ལས་དོན་འདིའི་ནང་ཐད་ཀར་འབྲེལ་ཆགས་ཐེ་པོ་སྤྲུལ་སྐུ་མཆོག་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་བཀྲིས་དབང་ཕྱུག་ལགས་ཀྱིས་ས་གནས་དེ་དང་དེ་མཚུངས་ཕྱི་རྒྱལ་ཁག་ཏུ་བོད་དོན་ལས་འགུལ་གནང་སྟངས་བཅས་ཀྱི་ཐད་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།