གསར་འགྱུར་ཡིག་ཚགས།
2024-07-22
རྒྱ་ནག་གཞུང་གིས་སློབ་གྲྭ་ཁག་གི་དགེ་རྒན་དང་། དེ་བཞིན་དངུལ་ཁང་སོགས་ཁེ་ལས་སྡེ་ཁག་གི་མི་སྣའི་ཕྱི་བསྐྱོད་ལམ་ཡིག་ཕྱིར་བསྡུ་བྱས་ནས་ཁོ་ཚོ་ཕྱིའི་རྒྱལ་ཁབ་ཏུ་འགྲུལ་བཞུད་བྱེད་རྒྱུར་ཚོད་འཛིན་བྱེད་བཞིན་ཡོད་འདུག
2024-07-22
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིར་ཆེད་ཕེབས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲི་མཇལ་ཁ་ཞུ་རྒྱུ་དང་། བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་ཐད་སྐུ་ལས་བསྐྱོན་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པ་གསུངས་འདུག
2024-07-20
གནས་རྩ་ཆེན་དེ་ཚོར་ལག་པ་འཆང་ཚར་དུས་ཁོར་ཡུག་ལ་གནོད་འཚེ་ཕོག་རྒྱུ་སྨོས་མེད་ཡིན་པར་ངོས་འཛིན་གནང་གི་ཡོད་པ།
2024-07-19
གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ངོས་ནས་སྦཡེ་ཌེན་གཞུང་དང་མ་འོངས་པའི་གཞུང་ཕྱོགས་ནས་བོད་དོན་ཁྲིམས་ཡིག་དེ་དངོས་སུ་ལག་བསྟར་ཆེད་ལྟ་རྟོག་ནན་མོ་བྱེད་རྒྱུ་ཡིན་ཞེས་གསལ་སྟོན་གནང་བྱུང་།
2024-07-19
ཨ་རིའི་སྲིད་འཛིན་གྱིས་མཚན་རྟགས་སྐྱོན་པའི་ལག་བསྟར་ཁྲིམས་ཡིག་དེ་བོད་ཀྱི་རྩ་དོན་ལ་རྒྱལ་ཁ་ཆེན་པོ་ཇི་ཙམ་ཡིན་མིན་དང་། ཨ་རིའི་་སྲིད་འཛིན་མཆོག་གིས་གསལ་བསྒྲགས་ནང་འཁོད་པའི་འབྲུ་དོན་སོགས་ཀྱི་གནད་འགག་གི་སྐོར།
2024-07-19
ཞིབ་འཇུག་པས་ཞི་ཅིན་ཕིང་གི་བོད་མི་རིགས་རྩ་མེད་དུ་གཏོང་བའི་སྲིད་ཇུས་འོག་བོད་ཀྱི་རིག་གནས་སློབ་སྦྱོང་བྱེད་སའི་བསྟི་གནས་ཤིག་ཡོད་མ་ཆོག་པ་རེད་ཅེས་གསུངས་ཡོད་པ།
2024-07-18
རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་འཇིགས་མེད་རྒྱལ་མཚན་མི་རིགས་ལས་རིགས་སློབ་གྲྭ་བཙན་གྱིས་སྒོ་རྒྱབ་པའི་ཐད་བོད་ནང་གི་བོད་མི་མང་པོས་བློ་ཕམ་དང་བཅས་རྒྱ་ནག་གཞུང་ལ་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་བཏོན་བཞིན་ཡོད་པའི་སྐོར།
2024-07-18
རྒྱ་ནག་གཞུང་གི་དཔོན་རིགས་ཀྱིས་ཐབས་ཇུས་ཐོག་ནས་བཙན་བཀའ་བཏང་བའི་རྗེས་ད་རེས་ཉེ་ཆར་བོད་ནང་སྒེར་བཙུགས་སློབ་གྲྭ་སྒོ་བརྒྱབ་བཅུག་པ།
2024-07-18
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མེ་ཁལ་མེ་ཁོལ་ལགས་ཀྱིས་སྲིད་འཛིན་འཇཱོ་སྦཡེ་ཌེན་གྱིས་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་མཚན་རྟགས་བསྐྱོན་པར་དགའ་བསུ་ཞུས་འདུག
2024-07-18
རྒྱ་གར་གྱི་རྒྱལ་ཚོགས་ཀྱི་སྐུ་ཚབ་ཟུར་པ་(Dilip Sinha)་ལགས་ཀྱིས་བརྩམས་པའི་བོད་ཀྱི་དངོས་བྱུང་ལོ་རྒྱུས་དང་འབྲེལ་བའི་དཔེ་དེབ་བོད་ནང་བཙན་རྒྱལ་བའི་རོལ་རྩེད། རྒྱལ་ཁབ་ཀྱི་གནས་བབ་དང་བདག་དབང་གི་འཐབ་རྩོད་ཞེས་པ་ལྡི་ལིར་དབུ་འབྱེད་གནང་འདུག
2024-07-17
བོད་ནང་དུ་རྒྱ་ནག་གཞུང་གིས་བོད་ཀྱི་སྣོད་བཅུད་གཉིས་ཀ་རྩ་གཏོར་གཏོང་བའི་མྱུར་ཚད་མགྱོགས་སུ་གཏོང་གི་ཡོད་པའི་སྐོར།
2024-07-17
རྒྱ་ནག་གཞུང་གིས་བོད་ནང་གི་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་སློབ་གྲྭ་སྒོ་བརྒྱབས་བཅུག་པར་བཞུགས་སྒར་དུ་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བརྒྱད་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་མར་མེ་ཁྲོམ་སྐོར་གནང་སོང་།
2024-07-16
ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ལས་དོན་ལྷན་ཚོགས་ཀྱི་ཟུང་འབྲེལ་ཚོགས་གཙོ་མཆོག་གིས་བོད་དོན་ཁྲིམས་ཡིག་དེ་སྦཡེ་ཌེན་གཞུང་འཛིན་གྱིས་དངོས་སུ་ལག་བསྟར་གནང་བའི་རེ་བ་ཡོད་པ་གསུངས་འདུག
2024-07-12
ནེ་རྡར་ལན་ཌིའི་ནང་གི་འཛམ་གླིང་གི་སྤྱི་དམངས་ཁྲིམས་ཁང་ལ་བོད་ཀྱི་གནད་དོན་དང་འབྲེལ་ཞི་ཅིན་ཕིན་ལ་ཉེས་འཛུགས་ཁག་གསུམ་བྱས་བ་རྣམས་ཁྲིམས་དཔོན་རྣམ་པས་ཁྲིམས་ཞིབ་བརྒྱུད་ནག་ཉེས་ཡོད་པ་ངོས་འཛིན་གནང་འདུག
2024-07-11
རྒྱ་ནག་གཞུང་གིས་རྩོམ་པ་པོ་དང་གསར་འགོད་པ་སོགས་ཀྱི་ཐོག་མུ་མཐུད་དུ་དྲག་གནོན་བྱེད་བཞིན་པར་པེན་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་སྐྱོན་བརྗོད་དང་བྱ་སྤྱོད་དེ་དག་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་འདུག