ཨ་རིའི་གྲོས་ཚོགས་ཀྱི་གནད་ཡོད་མི་སྣས་བོད་དོན་ཁྲིམས་ཡིག་དང་འབྲེལ་བོད་མི་ཚོར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་གསུངས་འདུག

ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ལས་དོན་ལྷན་ཚོགས་ཀྱི་ཟུང་འབྲེལ་ཚོགས་གཙོ་ཡིན་པ་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ནང་གི་ཨོ་རི་གྷན་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་(Jeff Merkley)་ལགས་ཀྱིས། བོད་དང་རྒྱ་ནག་བར་གྱི་རྩོད་རྙོག་སེལ་རྒྱུར་སྐུལ་འདེད་གཏོང་བའི་བོད་དོན་ཁྲིམས་འཆར་ལ་ཨ་མི་རི་ཀའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་མཆོག་གིས་མཚན་རྟགས་བསྐྱོན་ནས་ཁྲིམས་ཡིག་ཏུ་འགྱུར་བ་དེས་ཨ་མི་རི་ཀས་བོད་ལ་རྒྱབ་སྐྱོར་ཡོད་པ་གསལ་བཏོན་གནང་ཡོད་པ་གསུངས་འདུག
གྲོས་ཚོགས་འཐུས་མི་སྐུ་ཞབས་(Jeff Mekley)་ལགས་ཀྱིས་སྤྱི་ཟླ་༧པའི་ཚེས་༡༥ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་བའི་ནང་། བོད་ནང་གི་བོད་མི་ཚོར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་འོག་ཡོད་པའི་བོད་ཀྱི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སྐབས་འདིར་ངས་བཏོན་པའི་ཁྲིམས་གཞི་དེས་ཆབ་སྲིད་ཚོགས་པ་གཉིས་ཀས་མོས་མཐུན་ཡོད་པའི་བརྡ་ལན་ནུས་ཤུགས་ལྡན་པ་ཞིག་སྤྲོད་ཐུབ་རྒྱུ་དང་། གྲོས་ཚོགས་གོང་འོག་གཉིས་ཀྱིས་གཏན་འབེབས་གནང་བའི་བོད་དང་རྒྱ་ནག་བར་གྱི་རྩོད་རྙོག་སེལ་རྒྱུར་སྐུལ་འདེད་གཏོང་བའི་བོད་དོན་ཁྲིམས་འཆར་ལ་ཨ་མི་རི་ཀའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་མཆོག་གིས་མཚན་རྟགས་བསྐྱོན་ནས་ཁྲིམས་ཡིག་ཏུ་གྱུར་བ་དེས་ཨ་མི་རི་ཀས་བོད་ལ་རྒྱབ་སྐྱོར་ཡོད་པ་གསལ་བཏོན་གནང་བ་དང་། ང་ཚོས་བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབས་བྱེད་དགོས་ཀྱི་རེད། སྲིད་འཛིན་(Biden)་མཆོག་གི་སྲིད་འཛིན་གྱིས་ཁྲིམས་ཡིག་དེ་དག་དངོས་སུ་ལག་བསྟར་གནང་བའི་རེ་བ་ཡོད་ཅེས་གསུང་འདུག
གསར་འགོད་པ། ཚེ་དབང་དངོས་གྲུབ། རིག་ལྡན་སྒྲོལ་མ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།