གསར་འགྱུར་ཡིག་ཚགས།
2024-08-26
ནུབ་རྒྱུད་གསར་སྤེལ་གྱིས་བོད་དང་ཡུ་གུར། ལྷོ་སོག་སོགས་ཀྱི་ནང་རྒྱ་སྒྱུར་སྲིད་བྱུས་སྔར་ལས་ཆེ་རུ་གཏོང་ཐབས་དང་དམ་དྲག་རང་བཞིན་གྱི་སྲིད་བྱུས་ལག་བསྟར་ལ་དམིགས་ཀྱི་ཡོད་པ་གསུངས་བྱུང་།
2024-08-22
རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་བཟུང་བོད་དང་འབྲེལ་བའི་ཚོགས་འདུ་མང་དག་ཅིག་ཚོགས་ཀྱི་ཡོད་པ་དེ་དག་ཚང་མ་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་དྲིལ་བསྒྲགས་ཙམ་ཡིན་ཞེས་གསུངས་པ།
2024-08-20
ཕྱི་ཟླ་ ༨ པའི་ནང་རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་མངའ་ཁུལ་གྱི་ས་གནས་གང་སར་དམ་དྲག་ཤུགས་ཆེར་བྱས་ཡོད་པ།
2024-08-17
རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་བའི་ཐབས་བྱུས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པའི་སྐོར།
2024-08-15
རྒྱ་ནག་གཞུང་གིས་བོད་ཀྱི་གྲོང་གསེབ་ས་ཁུལ་གྱི་མི་མང་ཚོ་བོད་ཀྱི་ས་མཚམས་ས་ཁུལ་དུ་བཙན་དབང་གིས་གནས་སྤོ་བྱེད་དུ་བཅུག་ནས་ད་ལྟ་ཁོང་ཚོའི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་རེད་འདུག
2024-08-15
ཕྱི་ཟླ་ ༨ ཟླ་འགོ་ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ནང་གི་ས་ཁུལ་མང་དག་ཅིག་ཏུ་སྤྱི་ཚོགས་དྲ་ལམ་ཐོག་སྟངས་འཛིན་གྱི་བྱ་ཐབས་ལག་བསྟར་བྱེད་བཞིན་ཡོད་པ།
2024-08-14
བོད་སྡེ་དགེ་ཕྱོགས་ཀྱི་གནད་དོན་དང་འབྲེལ་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་བཅུ་ལྷག་གིས་བོད་ཀྱི་ས་ཐོག་ཏུ་ལག་པ་མ་འཆང་རོགས་ཞེས་བའི་རྒྱལ་སྤྱིའི་རང་བཞིན་གྱི་ལས་འགུལ་སྤེལ་བཞིན་འདུག
2024-08-14
རྒྱ་གར་གྱི་གནད་ཡོད་མི་སྣ་ཞིག་གིས་བརྩམས་པའི་བོད་ཀྱི་དངོས་བྱུང་ལོ་རྒྱུས་དཔེ་དེབ་ནང་བོད་མི་ཚོར་བསླབ་བྱ་མང་དག་ཅིག་ལེན་རྒྱུ་ཡོད་པ་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཀྱིས་གསུངས་བྱུང་།
2024-08-13
བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་མ་བྱས་ཀྱི་བར་བོད་མི་ཚོ་ཕྱི་ནས་བོད་ལ་བསྐྱོད་ཆོག་གི་མ་རེད་ཅེས་རྒྱ་ནག་གི་ཤེས་ལྡན་པ་དང་ཁྲིམས་རྩོད་པ་ ཝིཀ་ཊར་ ཀའོ་ (Victor Gao) ཡིས་བགྲོ་གླེང་གི་ལས་རིམ་ཞིག་གི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཕཪཱ་སི་བསོད་ནམས་ཚེ་རིང་ལགས་ཀྱིས་ བོད་མི་ཚོ་བོད་ནང་བསྐྱོད་མ་བཅུག་པའི་རྒྱུ་མཚན་ཇི་ཡིན་དྲི་བ་བཏང་སྐབས་ལན་འདེབས་བྱས་ཡོད་པ་རེད།
2024-08-13
སྤྱི་ཚོགས་དྲ་རྒྱར་བོད་ཀྱི་སྐད་ཡིག་བེད་སྤྱོད་བཏང་རྒྱུར་སྟངས་འཛིན་བྱེད་ཤུགས་ཆེ་རུ་ཕྱིན་པ་སོགས་ཀྱི་སྐོར།
2024-08-13
རྒྱ་ནག་གཞུང་གིས་བོད་ནང་སྤེལ་བཞིན་པའི་སྲིད་ཇུས་ནི་བོད་མི་རིགས་རྩ་མེད་བཟོ་ཐབས་དང་བོད་བརྒྱུད་ནང་བསྟན་བཙན་གནོན་གྱི་ནག་ཉེས་ཚབས་ཆེན་ཡིན་པའི་ཆེད་རྩོམ་སྤེལ་འདུག
2024-08-13
རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་བཙན་ཐབས་ཀྱིས་བཙུགས་པ་ནས་འབྱོར་ཕྱུག་ཉམས་ཉེས་སུ་ཕྱིན་ཡོད་པ་ལས་ཡར་རྒྱས་སུ་ཕྱིན་མེད་ཅེས་ཉམས་ཞིབ་པས་ངོས་འཛིན་གནང་གི་འདུག
2024-08-12
ཨོསི་ཊརེ་ལི་ཡ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་བློ་ཚབས་དང་མཉམ་གོ་སྐབས་ནམ་བྱུང་ལ་རྒྱ་ནག་ལ་གནད་དོན་དེའི་ཐད་གླེང་སློང་གནང་གི་ཡོད་འདུག
2024-08-12
རྒྱ་ནག་གཞུང་གིས་ལྷ་ས་གྲོང་ཁྱེར་ནང་ཉེན་རྟོག་པ་མིན་པའི་དངོས་ཟོག་སྐྱེལ་འདྲེན་ཚོང་གཉེར་མཁན་ཚོར། ཉེན་རྟོག་པ་དང་མཉམ་འབྲེལ་བྱེད་བཅུག་སྟེ་ས་གནས་གང་སར་བཀྲམས་ནས་མི་མང་གི་འགྲོ་བསྐྱོད་ལ་སོ་སྲུང་དང་ལྟ་བཤེར་བྱེད་བཅུག་གི་ཡོད་འདུག
2024-08-12
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འདི་ལོ་སྤྱི་ཟླ་ ༧ པའི་ཚེས་ ༢༤ ཉིན་བོད་ནང་གི་གནས་སྟངས་སྙན་ཐོ་འདོན་སྤེལ་གྱིས་རྒྱ་ནག་གཞུང་གིས་སྤྱི་ཚོགས་དྲ་ལམ་ (Douyin) སོགས་ཀྱི་ནང་བོད་ཡིག་དང་བོད་སྐད་བེད་སྤྱོད་ལ་བཀག་འགོག་དང་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་མངོན་གསལ།