གངས་ལྗོངས་ཤེས་རིག་ནོར་གླིང་ཉེ་ལམ་རྒྱ་ནག་གཞུང་གིས་སྒོ་བརྒྱབ་བཅུག་ཡོད་པ།
2024.08.17

CTA
བོད་ཀྱི་མདོ་སྨད་མགོ་ལོག་རྭ་རྒྱའི་དགེ་འདུན་པ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་བཙུགས་པའི་གངས་ལྗོངས་ཤེས་རིག་ནོར་གླིང་ལས་རིགས་སློབ་གྲྭ་སྟེ། བོད་ཀྱི་རིག་གཞུང་དང་སྐད་ཡིག་ལ་སློབ་གཉེར་བྱེད་སའི་སྒེར་གཉེར་སློབ་གྲྭ་གྲགས་ཆེ་ཤོས་ཤིག་ཉེ་ལམ་རྒྱ་ནག་གཞུང་གིས་སྒོ་བརྒྱབ་བཅུག་ཡོད་པ་རེད། གནད་དོན་དབྱེ་ཞིབ་པ་ཚོས་འདི་ནི་རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་བའི་ཐབས་བྱུས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་འདུག གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བོད་རྒྱའི་གནད་དོན་དབྱེ་ཞིབ་པ་སངས་རྒྱས་སྐྱབས་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པ་དེ་གསན་རོགས་གནང་།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།