བོད་ཀྱི་ངོ་བོ་དང་། རིག་གཞུང་། ལོ་རྒྱུས་དང་བཅས་པ་རྩ་མེད་བཟོ་བའི་ཐབས་བྱུས།
རྒྱ་ནག་གཞུང་གིས་པེ་ཅིན་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་ ༧ པ་འདི་ལོ་ཕྱི་ཟླ་ ༨ པའི་ནང་སྐོང་ཚོགས་བྱས་པའི་སྐབས། བོད་ཀྱི་ཐ་སྙད་ཤི་ཙང་ཟེར་རྒྱ་སྐད་ཀྱི་ཐ་སྙད་དུ་གྲགས་ཆེན་པོའི་སྒོ་ནས་བསྒྲགས་དགོས་པའི་ཐད་བགྲོ་གླེང་བྱས་པ་འདི་ནི། ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱི་ཉམས་ཞིབ་ལྟར་ན། བོད་ཀྱི་ངོ་བོ་དང་། རིག་གཞུང་། ལོ་རྒྱུས་དང་བཅས་པ་རྩ་མེད་བཟོ་བའི་ཐབས་བྱུས་ཤིག་ཏུ་འགྲེལ་བརྗོད་གནང་གི་འདུག་ལ། ཁོང་གིས་འདི་འབྲེལ་གྱི་དཔྱད་རྩོམ་ཁག་ཅིག་སྤེལ་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་ལྷན་ཁོང་གི་དཔྱད་རྩོམ་གྱི་ནང་དོན་དང་འབྲེལ་ནས་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།