བོད་སོག་གཉིས་ཀྱི་དབར་ཆིངས་ཡིག་གཏན་འབེབས་བྱས་པའི་གལ་གནད།
2023.07.25
ཕྱི་ལོ་ ༡༩༡༣ ལོར་བོད་དང་སོག་པའི་དབར་ཆིངས་ཡིག་བོད་ཀྱི་རྒྱལ་པོ་རྒྱལ་མཆོག་༧སྐུ་ཕྲེང་ ༡༣ པ་དང་། སོག་པའི་ཕྱོགས་ནས་ཁལ་ཁ་རྗེ་བཙུན་དམ་པའི་དབར་རྒྱལ་ཁབ་གཉིས་པོ་རང་བཙན་གྱི་མངའ་དབང་ལྡན་པའི་རྒྱལ་ཁབ་ཡིན་པ་ཕན་ཚུལ་ངོས་འཛིན་གནང་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་༧གོང་ས་ཏཱ་ལའི་བླ་མའི་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་གཉན་ཐར་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཆིངས་ཡིག་དེའི་གལ་གནད་དང་། ཆིངས་ཡིག་འདི་འཇོག་སྐབས་ཀྱི་གནས་སྟངས་བཅས་པའི་ཐད་བཀའ་དྲི་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།