བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བཙོན་ཁང་རྒྱ་བསྐྱེད་གཏོང་བཞིན་ཡོད་པ།
RAND ཡོ་རོབ་ཉམས་ཞིབ་བསྟི་གནས་ཁང་གིས་ཕྱི་ཟླ་་༧ པའི་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་དུ་སྲུང་ཆ་ཅུང་ཆུང་བའི་དོ་དམ་བཀག་སྐྱིལ་ཁང་དང་། དུས་ཡུན་རིང་པོ་བཀག་ཉར་བྱེད་སའི་བཙོན་ཁང་ཁག་རྣམ་པ་འདྲ་མིན་གྱི་ཐོག་ནས་རྒྱ་བསྐྱེད་བཏང་དང་གཏོང་བཞིན་ཡོད་ཟུང་སྐར་བརྒྱུད་མཚན་མོ་པར་ལེན་བྱེད་པའི་གྲུབ་དོན་ལས་ཤེས་རྟོགས་བྱུང་པ་ཉམས་ཞིབ་ཀྱི་སྙན་ཐོ་བཏོན་པའི་ནང་གསལ་བཤད་བྱེད་ཡོད་པ་རེད། གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བོད་ནང་གི་བཙོན་ཁང་དང་བཀག་སྐྱིལ་ཁང་གི་ཐད་དངོས་མྱོང་གྱི་རྒྱུས་མངའ་ཆེ་བའི་བོད་མི་ཆབ་སྲིད་བཙོན་ཟུར་ངག་དབང་གསང་གྲོལ་ལགས་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ལྟ་ཞིབ་གནང་མཁན་འཇམ་དཔལ་སྨོན་ལམ་ལགས་སུ་འདི་འབྲེལ་གྱི་གནད་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བཀའ་དྲི་ཞུས་པའི་ལས་རིམ་ཞིག་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།