"བོད་ཀྱི་ས་ཆའི་ཐོབ་ཐང་"སྐོར་གཏམ་བཤད་གནང་སྐབས། "༡༩༥༠ ནས་བཟུང་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཁྲིམས་འགལ་”བཙན་བཟུང་བྱས་སྐོར་གླེང་པ།
དབྱིན་ཡུལ་གྱི་མངའ་ཁོངས་སིཀོཊ་ལེནཌི་ (Scotland) གྱི་སིཊར་ལིངྒ་ (Stirling) གཙུག་ལག་སློབ་ཆེན་དུ་གྲངས་ཉུང་མི་རིགས་དང་གདོད་མའི་མི་རིགས་ཀྱི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཚོགས་འདུ་ཞིག་ཕྱི་ཟླ་ ༣ ཚེས་ ༥ ནས་ ༧ བར་ཚོགས་པའི་ཐོག་མཁས་པའི་འདུ་ཚོགས་སར་བོད་དང་བཙན་གནོན་འོག་གི་མི་རིཊ་ཀྱི་གོ་ལའི་མནའ་འབྲེལ་ཚོགས་པའི་ཚོགས་གཙོ་ཚེ་རིང་པ་སངས་ལགས་ཀྱིས་"བོད་ཀྱི་ས་ཆའི་ཐོབ་ཐང་"སྐོར་གསུང་མོལ་གནང་སྟེ། “ཕྱི་ལོ་ ༡༩༥༠ ནས་བཟུང་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཁྲིམས་འགལ་”བཙན་བཟུང་བྱས་པའི་གནས་ཚུལ་གསལ་བཤད་གནང་ཡོད་ཅིང་། ཚོགས་འདུ་དེའི་ཐོག་རྒྱལ་སྤྱིའི་ནང་གི་ཁྲིམས་རྩོད་པ་དང་། ཆེད་ལས་རང་བཞིན་གྱི་མཁས་པ། ལས་འགུལ་བ། སྤྱི་ཚོགས་འགོ་ཁྲིད། དེ་བཞིན་ཨེ་ཤེ་ཡ་དང་། ཨ་ཕྷི་རི་ཀ། ཨ་མེ་རི་ཀ། དབྱིན་ཡུལ། ཡུ་རོབ་ནས་ཕེབས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་བཅས་ཀྱིས་མཉམ་ཞུགས་གནང་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཚོགས་འདུའི་གལ་གནད་དང་བོད་དོན་གླེང་སློང་ཇི་བྱུང་སོགས་ཀྱི་ཐད་བོད་དང་བཙན་གནོན་འོག་གི་མི་རིཌ་ཀྱི་གོ་ལའི་མནའ་འབྲེལ་ཚོགས་པའི་ཚོགས་གཙོ་ཚེ་རིང་པ་སངས་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།