བོད་རྒྱ་ནག་གི་དམག་དོན་བསྟི་གནས་སུ་སྒྱུར་ཐབས་བྱེད་བཞིན་པ།
རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཟེར་བ་དང་བོད་མིའི་འདུ་སྡོད་ས་ཁུལ་ནང་རྒྱ་ནག་གིས་དམག་དོན་རྒྱ་བསྐྱེད་གཏོང་ཆེད་ལས་དོན་ཇི་སྤེལ་ཐད་ཉམས་ཞིབ་ཀྱི་རྩོམ་ཡིག་ཅིག་བསྟན་འཛིན་ཡོན་ཏན་ལགས་ཀྱིས་འདོན་སྤེལ་གནང་འདུག་ཅིང་། དེའི་ནང་རྒྱ་ནག་གཞུང་གིས་བོད་འདི་དམག་དོན་གྱི་བསྟི་གནས་ཤིག་ཏུ་སྒྱུར་བཞིན་པ་མ་ཟད། བོད་ནང་གི་བོད་མི་ཚོས་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་གི་སྒྲིག་འཛུགས་ནང་འཛུལ་ཞུགས་ཀྱི་འདོད་འདུན་ཆེན་པོ་ཡོད་པ་གསལ་སྟོན་བྱེད་བཞིན་པ་ནི། རྒྱ་ནག་གཞུང་གིས་དངོས་བདེན་མིན་པའི་གནས་ཚུལ་དྲིལ་བསྒྲགས་བྱེད་པ་རེད་ཅེས་གསུངས་བྱུང་། གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བརྗོད་གཞི་འདིའི་ཐོག་བསྟན་འཛིན་ཡོན་ཏན་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།