གསར་འགྱུར་ཡིག་ཚགས།
2021-06-28
སྤྱི་འཐུས་ཚོགས་དྲུང་ཚེ་དབང་དངོས་གྲུབ་ལགས་ཀྱིས་ལས་གནས་ནས་རྩ་དགོངས་ཞུས་ཡོད་ཀྱང་སྒྲིག་མཐུན་རྒྱབ་གཉེར་མེད་པར་བརྟེན་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ངོས་ལེན་གནང་མི་འདུག
2021-06-28
རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་རཱ་ཇི་ནཱ་ཐི་སིང་(Rajnath Singh)་རྒྱ་གར་གྱི་མཐའ་མཚམས་ལ་དྭགས་སུ་ཕྱོགས་ཕེབས་གནང་སྟེ་ཉིན་གཉིས་རིང་ས་མཚམས་ཁུལ་གྱི་དམག་དོན་ཐད་གཟིགས་ཞིབ་གནང་བཞིན་ཡོད་འདུག
2021-06-28
རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་བཞི་པ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཚོར་ཆོས་ཕྱོགས་ཀྱི་ལས་དོན་དངོས་ཤུགས་བརྒྱུད་གསུམ་ནས་སྤེལ་མི་ཆོག་པའི་བཀའ་བཏང་འདུག
2021-06-28
ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས་ཆབ་སྲིད་དྲུང་ཆེར་བསྐོ་བཞག་གནང་བ་སོགས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཆེས་ཐོག་མའི་ལས་བྱེད་གནས་སྤོས་གོ་སྒྲིག་གནང་འདུག
2021-06-26
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་མདུན་དུ་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ལྟ་ཞིབ་དགོས་པའི་འབོད་སྐུལ་ཞུས་འདུག
2021-06-26
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤྱི་ལོ་༢༠༢༡ལོའི་བོད་པའི་གཞོན་སྐྱེས་ཀྱི་འགོ་ཁྲིད་ཟབ་སྦྱོང་འདི་ད་རེས་ཟླ་༦ཚེས་༢༡ནས་ཚེས་༢༥བར་གཉེར་ཡོད་པ།
2021-06-26
རྒྱ་གཞུང་གིས་བཀག་སྡོམ་བྱེད་པར་བརྟེན་ལས་གཞི་དེ་བཙན་བྱོལ་ནང་ཁ་བསྒྱུར་གནང་ཡོད་པའི་གནས་ཚུལ།
2021-06-26
རྒྱལ་སྤྱིའི་མནར་གཅོད་འགོག་པའི་ཉིན་མོ་དང་སྟབས་བསྟུན་བོད་ནང་མནར་གཅོད་དང་གདུག་རྩུབ་ཀྱི་བྱ་སྤྱོད་མཚམས་འཇོག་དགོས་པའི་ལས་འགུལ་སྤེལ་བ།
2021-06-26
Safeguard Defenders ཞེས་པའི་ཚོགས་པས་རྒྱ་ནག་གཞུང་གིས་གྲངས་ཉུང་བཙོན་པའི་ལུས་པོའི་ནང་ཁྲོལ་བཙན་དབང་ཐོག་ནས་ལྐོག་ཚོང་བྱེད་པ་ར་ཕྲོད་བྱུང་བའི་གསལ་བསྒྲགས་གནང་བ།
2021-06-26
དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་ཚོགས་བཞིན་པའི་འཛམ་གླིང་གི་སྣེ་གསུམ་པ་ཅེས་བོད་ཀྱི་རང་བྱུང་ཁོར་ཡུག་གི་གནས་སྟངས་ཐོག་གླེང་བ།
2021-06-26
རྒྱ་གར་གྱི་དམག་དཔུང་གིས་རྒྱ་ནག་དང་པཀིསི་ཐན་གཉིས་དང་དམག་འཐབ་གདོང་ལེན་བྱ་དགོས་པའི་དམག་གྲའི་ནང་རྒྱ་གར་རང་ཉིད་ཀྱི་བཟོས་པའི་དམག་ཁྲབ་འཁོར་ལོ་སྟེ་ཐང་ག་རི་ཁག་ཅིག་ཉོ་རྒྱུའི་འཆར་གཞི་གནང་གི་ཡོད་འདུག
2021-06-26
ཏོག་དབྱིབས་ཀྱི་དཀའ་ངལ་དུས་སྐབས་འདིར་རྒྱ་གར་ནང་ལོ་ཚད་མ་ལོན་པའི་བུད་མོ་བཙན་དབང་འོག་གཉེན་སྒྲིག་བྱེད་དགོས་བྱུང་བ།
2021-06-25
དཔལ་ནཱ་ལན་ཌའི་པཎ་སྒྲུབ་བཅུ་བདུན་ཁོངས་ནས་མཁན་ཆེན་ཞི་བ་འཚོའི་མཛད་རྣམ་མཛད་རྗེས་དང་གསུང་སོགས་ཀྱི་སྐོར།
2021-06-25
ཁེ་ཎ་ཌའི་ནང་བོད་དོན་ཆེད་ཞི་བའི་གོམ་བགྲོད་གནང་མཁན་སངས་རྒྱས་སྐྱབས་ལགས་རྒྱལ་ས་Ottawaའི་ནང་ཕེབས་འབྱོར་བྱུང་འདུག
2021-06-25
བོད་པའི་གཞོན་སྐྱེས་ཀྱི་འགོ་ཁྲིད་ཟབ་སྦྱོང་ནང་ཨ་རིའི་ཆབ་སྲིད་ཀྱི་འགྲོ་ལུགས་དང་ཕྱི་འབྲེལ་སྲིད་བྱུས་གཙོས་པའི་མ་འོངས་འགོ་ཁྲིད་གནང་ཕྱོགས་སོགས་ཀྱི་ཐབས་བྱུས་འདྲ་མིན་སྐོར་ཟབ་འཁྲིད།