རྒྱ་གར་རང་ཉིད་ཀྱི་བཟོས་པའི་དམག་ཁྲབ་འཁོར་ལོ་སྟེ་ཐང་ག་རི་ཁག་ཅིག་ཉོ་རྒྱུའི་འཆར་གཞི་གནང་གི་ཡོད་འདུག

2021.06.26
རྒྱ་གར་རང་ཉིད་ཀྱི་བཟོས་པའི་དམག་ཁྲབ་འཁོར་ལོ་སྟེ་ཐང་ག་རི་ཁག་ཅིག་ཉོ་རྒྱུའི་འཆར་གཞི་གནང་གི་ཡོད་འདུག རྒྱ་གར་གྱི་དམག་དཔུང་གིས་རྒྱ་ནག་དང་པཀིསི་ཐན་གཉིས་དང་དམག་འཐབ་གདོང་ལེན་བྱ་དགོས་པའི་དམག་གྲའི་ནང་རྒྱ་གར་རང་ཉིད་ཀྱི་བཟོས་པའི་དམག་ཁྲབ་འཁོར་ལོ་སྟེ་ཐང་ག་རི་ཁག་ཅིག་ཉོ་རྒྱུའི་འཆར་གཞི་གནང་གི་ཡོད་འདུག
ཨེ་པི།

Eurasaia གསར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང་རྒྱ་གར་གྱི་དམག་དཔུང་གིས་རྒྱ་གར་རང་ཉིད་ཀྱིས་བཟོ་བསྐྲུན་བྱ་རྒྱུའི་དེང་དུས་ཅན་གྱི་ཚད་གཞི་མཐོ་བའི་ས་གཞི་དང་ཁོར་ཡུག་གི་གནས་སྟངས་གང་འདྲ་ཞིག་ཏུ་བེད་སྤྱོད་གཏོང་ཐུབ་པའི་ཐང་ག་རི་འམ་དམག་ཁྲབ་འཁོར་ལོ་༡༧༧༠ཙམ་མངགས་ཉོ་བྱས་ཡོད་པ་དང་། དམག་གི་འཕྲུལ་འཁོར་དེ་རྣམས་དུས་ཡུན་ལོ་གཉིས་ཀྱི་ནང་ཚུད་མཁོ་སྤྲོད་དགོས་པའི་ཐད་ཆོད་གན་བཞག་ཡོད་པའི་གནས་ཚུལ་བཀོད་ཡོད་པ་རེད།

དེ་ནི་སྲིད་བློན་Narendra Modi སྲིད་གཞུང་གིས་རྒྱལ་ཁབ་ནང་བདེ་སྲུང་འཕྲུལ་ལས་འཛུགས་བསྐྲུན་གྱི་ལས་གཞི་རྒྱ་སྐྱེད་ལ་ཤུགས་སྣོན་རྒྱག་བཞིན་པའི་ལས་འཆར་དང་བསྟུན། རྒྱལ་སྤྱིའི་ཐོག་དམག་དོན་གོ་མཚོན་བཟོ་བསྐྲུན་ཚན་པ་ཁག་ལའང་རྒྱ་གར་དང་མཉམ་ལས་ཀྱིས་རྒྱ་གར་ནང་གོ་མཚོན་བཟོ་བསྐྲུན་ལ་སྐུལ་འདེད་བྱེད་བཞིན་པའི་ཁྲོད། ད་ཆ་རྒྱ་གར་གྱི་དམག་དཔུང་གིས་རང་གི་དམག་དོན་གྱི་དགོས་མཁོའི་དམག་ཁྲབ་འཁོར་ལོ་རྒྱ་གར་རང་ཉིད་ཀྱི་བཟོ་གྲྭས་བཟོས་པ་བེད་སྤྱོད་གཏོང་རྒྱུའི་ཆེད་མངགས་ཉོ་བྱས་པ་ཞིག་ཡིན་འདུག

གནས་ཚུལ་ནང་བཀོད་པར་གཞིགས་ན་རྒྱ་གར་གྱིས་བཟོས་པའི་དམག་འཁྲབ་འཁོར་ལོ་དེ་ཉུང་མཐར་ལོ་ངོ་༣༢་ཀྱི་བར་བེད་སྤྱོད་ཐུབ་པ་ཞིག་དང་ཡང་དམག་སར་སྤོ་འཁྱེར་བདེ་བ་དང་བྱེ་ཐང་དང་རི་ལུང་བཅས་པའི་ས་ཁུལ་གྱི་ཆགས་ཚུལ་གང་འདྲ་ཞིག་ཏུའང་བེད་སྤྱོད་ཐུབ་པ་ཞིག་དང་ཕ་རོལ་པོའི་དམག་ཁྲབ་འཁོར་ལོ་དང་གཞན་ཡང་ཧ་ཅང་མཐོ་ཚད་ཆེན་པོར་མིན་པའི་གནམ་ཐོག་གི་གནམ་དམག་གི་གནམ་གྲུ་བཅས་པ་གཏོར་རྒོལ་ཐུབ་པའི་ནུས་པ་ལྡན་པ་ཞིག་བཟོ་བསྐྲུན་ཡོང་གི་ཡོད་པ་བཀོད་ཡོད་པ་རེད།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎