ཇི་ནི་ཝའི་ནང་བོད་མིས་ངོ་རྒོལ་སྐད་འབོད་གནང་བ།
2021.06.26

ཕྱི་ཟླ་༦ཚེས་༢༥རེས་གཟའ་པ་སངས་ཀྱི་ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་རྟེན་གཞི་གནང་བའི་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཆེན་ཐེངས་༤༧ཚོགས་བཞིན་པའི་སྐབས་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ལྟ་ཞིབ་དགོས་པའི་འབོད་སྐུལ་གནང་ཡོད་པའི་སྐོར་འདི་གའི་གསར་འགོད་པ་རབ་སྒང་ཚེ་རིང་ཕུན་ཚོགས་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས།།