ཡར་ཀླུང་གཙང་པོའི་སྟེང་ཆུ་མཛོད་རྒྱག་བཞིན་པས་གཤམ་འོག་རྒྱལ་ཁབ་ཁག་ལ་ཉེན་ཁ་ཡོད་པ་བསྟན་འདུག

2023.08.17
ཡར་ཀླུང་གཙང་པོའི་སྟེང་ཆུ་མཛོད་རྒྱག་བཞིན་པས་གཤམ་འོག་རྒྱལ་ཁབ་ཁག་ལ་ཉེན་ཁ་ཡོད་པ་བསྟན་འདུག ཡར་ཀླུང་གཙང་པོའི་སྟེང་གི་ཆུ་མཛོད་ཞིག
AFP

བོད་ཀྱི་གཙང་ཆུ་ཡར་ཀླུང་གཙང་པོའི་ཆུ་རྒྱུན་རྒྱ་གར་གྱི་བྱང་ཕྱོགས་དང་དེ་ནས་བྷང་ལ་རྡེ་ཤེ་(Bangladesh)་བརྒྱུད་བཞུར་བཞིན་པ་རྒྱ་གར་གྱི་རིག་གཞུང་དང་འབྲེལ་བའི་ཆུ་ཆེན་(Brahmaputra)་གཙང་ཆུའི་སྟེང་། རྒྱ་ནག་གཞུང་གིས་བོད་ནང་དུ་ཆུ་མཛོད་འཛུགས་སྐྲུན་བྱེད་བཞིན་པ་དེས་བྷང་ལ་རྡེ་ཤེ་ལ་གནོད་འཚེ་ཡོང་སྲིད་པའི་ཉེན་ཁ་ཡོད་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་གྱི་ལས་གཞི་ཆེ་ཆུང་མི་འདྲ་བ་ཁག་བརྒྱད་ཙམ་ཡར་རླུང་གཙང་པོའི་ཆུ་རྒྱུན་གྱི་སྟེང་འཛུགས་སྐྲུན་བྱས་དང་བྱེད་བཞིན་པ་དང་། དེའི་ནང་ནས་ཁག་ཅིག་ད་ལྟ་བེད་སྤྱོད་གཏོང་བཞིན་ཡོད་པ་དང་དེ་འཕྲོས་རྣམས་འཛུགས་སྐྲུན་བྱེད་བཞིན་ཡོད་པ་(Daily Mirror)་འམ་ཉིན་རེའི་མེ་ལོང་ཞེས་པའི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
རྒྱ་ནག་གཞུང་གིས་གནས་ཚུལ་བཤད་པར་ལྟར་བྱས་ན། རྒྱ་ནག་གི་ལོ་ལྔ་ཚན་བཅུ་བཞི་འམ་༢༠༢༡ ནས་༢༠༢༥བར་གྱི་ལོ་ལྔའི་འཆར་གཞི་རིམ་པ་དགུ་པ་དེའི་ཐོག་གློག་གི་ནུས་ཤུགས་(Gigawat)་༦༠་ལྡན་པའི་ཆུ་ཤུགས་གློག་འདོན་ལས་གཞི་ཞིག་བོད་ཀྱི་ཀོང་པོ་ཉིང་ཁྲིའི་མེ་ཏོག་རྫོང་ས་ཁུལ་དུ་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་ཡོད་པའི་སྐོར་བཀོད་འདུག
དེའི་ཐོག་ལ་(Bangladesh)་རྒྱལ་ཁབ་དེ་ནི་ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་ནང་ནས། བོད་ཀྱི་གཙང་ཆུ་དང་འབྲེལ་ཐག་ཧ་ཅང་གི་ཉེ་བའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། བོད་ནས་བཞུང་པའི་གཙང་ཆུ་སོགས་རྒྱལ་སྤྱིའི་ཆུ་རྒྱུན་ལ་བརྟེན་དགོས་པའི་རྒྱལ་ཁབ་ཅིག་ཡིན་ཞིང་། མི་མང་ས་ཡ་མང་པོ་བོད་ནས་བཞུར་པའི་གཙང་ཆུ་ལ་བརྟེན་ནས་འཚོ་གནས་བྱེད་བཞིན་པ་ནི། དམིགས་བསལ་(Brahmaputra)་འམ་ཡར་ཀླུང་གཙང་པོའི་གཙང་ཆུའི་རྒྱུན་འདི་ཁོང་ཚོར་ཧ་ཅང་གི་གནད་འགག་ཅན་ཞིག་ཆགས་ཡོད་པ་རེད།


གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎