ཡུ་གུར་བས་ཕྱི་བསྐྱོད་ལག་འཁྱེར་ཞུ་བར་ཁྲག་གི་མཚོན་རྟགས་དགོས།


2016.06.07
ཤིན་ཅང་གི་མེ་འཁོར་འབབ་ཚུཊ་སུ་འབར་རྫས་བཞག་པའི་གནས་ཚུལ་བྱུང་རྗེས་ས་གནས་སུ་རྒྱ་ནག་གིས་དམ་དྲག་བྱེད་བཞིན་པའི་རྣམ་པ། ༢༠༡༤།༥ ཤིན་ཅང་གི་མེ་འཁོར་འབབ་ཚུཊ་སུ་འབར་རྫས་བཞག་པའི་གནས་ཚུལ་བྱུང་རྗེས་ས་གནས་སུ་རྒྱ་ནག་གིས་དམ་དྲག་བྱེད་བཞིན་པའི་རྣམ་པ། ༢༠༡༤།༥
AFP

རྒྱ་ནག་གཞུང་ནས་ཡུ་གུར་མི་རིགས་ཚོར་ཕྱི་བསྐྱོད་ལག་འཁྱེར་ཞུ་རྒྱུར་རང་ཉིད་ཀྱི་མཛུབ་རྗེས་དང་། སྐད་ཀྱི་སྒྲ་གདངས་། ཟུངས་ཁྲག་སོགས་མཚོན་རྟགས་བཅས་སྤྲོད་དགོས་རྒྱུའི་དོ་དམ་དུ་གཏོང་རྒྱུ་ཡིན་འདུག
དེ་ཡང་རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་ཁག་ནང་། ཤིན་ཅང་ཁུལ་གནས་སྡོད་ཡུ་གུར་མི་རིགས་ཚོས་ཕྱི་བསྐྱོད་ལག་ཁྱེར་བཟོ་དགོས་རིགས་ནས་དེ་སྔ་དང་མི་འདྲ་བར་ཕྱི་ཟླ་དྲུག་པའི་ཚེས་གཅིག་ནས་བཟུང་། དོ་བདག་རང་ཉིད་སུ་ཡིན་མིན་ངོ་རྟགས་ཆོད་རྒྱུའི་DNA་ཞེས་པའི་ཁྲག་གི་མཚོན་རྟགས་དང་། དེ་བཞིན་མཛུབ་མོའི་པར་རྗེས། སྐད་ཀྱི་སྒྲ་གདངས་སོགས་ཆ་ཚང་བ་ཞིག་འབྲེལ་ཡོད་ལས་ཁུངས་སུ་འབུལ་དགོས་ཀྱི་ཡོད་འདུག ད་རེས་གཞུང་གི་སྲིད་བྱུས་གསར་པ་གསལ་བསྒྲགས་བྱས་པ་འདི་བརྒྱུད་ནས་ད་ལྟ་ཡུ་གུར་མི་རིགས་ཚོས་མི་རིགས་དབྱེ་འབྱེད་བྱེད་ཀྱི་ཡོད་པའི་དཀའ་ངལ་དང་སྐྱོན་བརྗོད་བྱེད་བཞིན་པ་དེར་ད་དུང་དཀའ་ངལ་འཕར་མ་ཞིག་ཆགས་རྒྱུའི་ཉེན་ཁ་ཡོད་འདུག་ལ་དེས་ཁོང་ཚོིའི་ལག་ཁྱེར་ཡོད་བཞིན་པ་དེ་དག་དུས་འགྱངས་ཞུ་རྒྱུར་ཡང་རྙོག་དྲ་ཆེ་རུ་འགྲོ་རྒྱུ་ཡིན་འདུག
སྤྱིར་བཏང་རྒྱ་ནག་གཞུང་ནས་ཤིན་ཅང་ཞེས་འབོད་པའི་ཁ་ཆེའི་ཡུ་གུར་མི་རིགས་ཚོར་དམ་བསྒྲགས་ཆེན་པོ་ཡོད་བཞིན་པ་དེར་ཁོང་ཚོས་ཡང་སེ་སྐྱོན་བརྗོད་དང་། ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་ནས་ཁོང་ཚོས་ཁ་ཆེའི་ལྟ་བ་འཁྲེགས་པོར་འཛིན་མཁན་ཚོས་ཟིང་ཆ་སློང་གི་ཡོད་པ་དང་། དེའི་ཐོག་ཕྱིའི་གནོན་ཤུགས་ཡོད་ལུགས་བཤད་ནས་དམ་བསྒྲགས་ཀྱི་སྲིད་བྱུས་འཛིན་གྱི་ཡོད་པ་རེད།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎