ཨ་རིའི་སྲིད་འཛིན་ཡུ་གུར་འགོ་ཁྲིད་མཇལ་འཕྲད་གནང་དགོས།

ཨ་རིའི་སྲིད་འཛིན་དང་ཁོང་གི་ཕྱི་སྲིད་ལས་ཁུངས་ཀྱི་མི་སྣ་ཁག་གིས་ཡུ་གུར་མི་རིགས་ཀྱི་འགོ་ཁྲིད་དང་མཇལ་འཕྲད་གནང་དགོས་པའི་སྐུལ་མ།

2009.07.14

༄༅༎ཨ་རིའི་གྲོས་ཚོགས་ཀྱི་ཊོམ་ལེན་ཊོ་སི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཟུང་སྦྲེལ་ཚོགས་གཙོ་གྲོས་ཚོགས་འོག་མའི་འཐུས་མི་ཕེརེང་ལྦུལྥ་མཆོག་གིས་ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་དང་ཁོང་གི་ཕྱི་སྲིད་ལས་ཁུངས་ཀྱི་མི་སྣ་ཁག་གིས་ཡུ་གུར་མི་རིགས་ཀྱི་འགོ་ཁྲིད་རེ་བི་ཡ་ཀ་རྡིར་མཆོག་དང་མཇལ་འཕྲད་གནང་དགོས་པའི་སྐུལ་མ་གནང་འདུག

ཕེ་རེང་ལྦུལྥ་མཆོག་གིས་སྲིད་འཛིན་ཨོ་སྦ་མ་མཆོག་ལ་ཕུལ་བའི་ཕྱག་བྲིས་ནང་འདི་ལྟར་འཁོད་ཡོད་པ་སྟེ་ཨ་རིའི་ཕྱི་འབྲེལ་དང་བདེ་འཇགས་ལས་ཁུངས་གཉིས་ཀྱི་མཐོ་རིམ་འགན་འཛིན་ལས་བྱེད་པས་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པའི་མི་སྣ་གྲགས་ཅན་དང་ནོ་བེལ་གཟེངས་རྟགས་ཀྱི་འོས་མི་རེ་སྦི་ཡ་ཀ་རྡིར་དང་མཇལ་འཕྲད་གནང་སྟེ་ཉེ་ཆར་ཡུ་གུར་རང་སྐྱོང་ལྗོངས་ནང་དྲག་སྤྱོད་བྱུང་བའི་སྐོར་གྲོས་བསྡུར་གནང་སྐྱོང་བའི་འབོད་སྐུལ་ཞུ་ཡི་ཡོད་ཅེས་དང་ཡུ་གུར་རང་སྐྱོང་ལྗོངས་ནང་བྱུང་བའི་དྲག་སྤྱོད་དེའི་ནང་མི་གྲངས་༡༨༣སྐོར་གྱི་ཚེ་སྲོག་ཤོར་ཡོད་པའི་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ནང་བཤད་ཡོད་ཅིང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཟིང་འཁྲུག་གི་སྐུལ་སློང་བྱེད་མཁན་རེ་སྦི་ཡ་ཀ་རྡིར་རེད་ཅེས་སྐྱོན་འཛུགས་བྱས་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གསར་འགོད་བྱས་འདུག་ཅེས་དང་རྒྱ་ནག་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་ནང་འཁྱོག་བཤད་བྱས་པའི་ཉེར་ལེན་གྱིས་རྒྱ་ཧན་མི་རིགས་ཆེན་པོའི་ལྟ་བ་ཤུགས་ཆེ་རུ་ཕྱིན་ཏེ་མི་རིགས་ཀྱི་ཟིང་འཁྲུག་སློང་གཞིར་གྱུར་ཡོད་ཅེས་དང་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོ་ཡིས་ས་གནས་གནས་སྟངས་བཏང་འཛིན་འོག་ཚུད་ཡོད་ལུགས་རྒྱལ་སྤྱིའི་ནང་གསལ་བསྒྲགས་བྱས་ཡོད་ཀྱང་རྒྱལ་ས་ཨུ་རུམ་ཆི་ནང་ཧན་མི་རིགས་ཀྱིས་ཡུ་གུར་མི་རིགས་ལ་བརྡུང་རྡེག་མུ་མཐུད་གཏོང་བཞིན་པར་ས་གནས་ཉེན་རྟོག་པས་བཀག་འགོག་མེད་པ་མ་ཟད་སྤྱི་བདེ་མི་སྣས་ཡུ་གུར་མི་རིགས་མང་པོ་བཙན་འཁྲིད་བྱས་པ་རྣམས་ནང་མི་ཚོར་གར་ཡོད་ཤེས་རྟོགས་མེད་པར་གྱུར་ཡོད་པ་རེད་ཅེས་བཀོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎