དམག་ཆེན་གཉིས་པའི་སྐབས་ཚེ་སྲོག་ཤོར་བ་རྣམས་ལ་ཐུགས་སྨོན།

༸གོང་མཆོག་ནས་ཉི་ཧོང་དུ་དམག་ཆེན་གཉིས་པའི་སྐབས་ཚེ་སྲོག་ཤོར་བ་རྣམས་ལ་ཐུགས་སྨོན་སྐྱབས་འཇུག་གནང་ཡོད་པའི་གནས་ཚུལ།

2009.11.04

༄༅།།༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིའི་ཉི་ཧོང་གི་གཟིགས་སྐོར་མཇུག་སྒྲིལ་མ་གནང་གོང་དེ་སྔ་ཕྱི་ལོ་ཕྱི་ལོ་གཅིག་སྟོང་དགུ་བརྒྱ་བཞི་བཅུ་ཞེ་ལྔའི་ལོར་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཚེ་སྲོག་ཤོར་བ་རྣམས་ཀྱི་དྲན་རྟེན་ཁང་ཨོ་ཀི་ཎ་ཝ་ཞི་བདེའི་དྲན་རྟེན་སྤྱི་གླིང་ཞེས་པར་ཞབས་སོར་འཁོད་དེ་ཐུགས་སྨོན་སྐྱབས་འཇུག་དང་སྦྲགས་བྱང་ཆུབ་མཆོད་རྟེན་གྱི་སྡུམ་རའི་ནང་ལྗོན་ཤིང་འདེབས་བཙུགས་གནང་འདུག

ཕྱི་ལོ་གཅིག་སྟོང་དགུ་བརྒྱ་བཞི་བཅུ་ཞེ་ལྔའི་ལོའི་ཉིན་གྲངས་བརྒྱད་བཅུ་གྱ་གཉིས་ཀྱི་དམག་ཆེན་སྐབས་ཡུལ་མི་ཆིག་འབུམ་ལྔ་ཁྲི་ཐམ་པ་ཚེ་སྲོག་ཤོར་བ་རེད།༧གོང་ས་མཆོག་གི་ལྷན་དུ་ཡེ་ཤུའི་ཆོས་དཔོན་ལ་ས་ལེ་པར་སོནསེ་དང་ནང་པའི་བླ་ཆེན་ཧི་རོ་ཏ་ཀ་ཨོ་ཀ་དྷ་མཉམ་ཞུགས་གནང་འདུག་༧གོང་ས་མཆོག་གིས་དམག་ཆེན་སྐབས་ཚེ་སྲོག་ཤོར་བ་དེ་དག་དྲན་གསོ་གནང་བ་དང་ཆབས་ཅིག་ཁོང་ཚོས་ཀྱང་ང་རང་ཚོ་ནང་བཞིན་སོ་སོའི་སྲོག་ལ་གཅེས་འཛིན་བྱེད་མཁན་སྤྱི་མཚུངས་ཡིན་པ་རེད།ང་ཚོས་སྨོན་ལམ་དང་རེ་བ་བཅངས་ནས་འཛམ་གླིང་ནང་སྡུག་བསྔལ་མེད་པ་བཟོ་མི་ཐུབ་ཀྱང་།སྔོན་གྱི་ཉམས་མྱོང་ནས་བསླབ་བྱ་ལེན་ནས་བཟང་ཕྱོགས་ཀྱི་ཁོར་ཡུག་བསྐྲུན་དགོས་ཀྱི་རེད་ཅེས་བཀའ་གནང་འདུག

ཡང་༧གོང་ས་མཆོག་གིས་སྨོན་ལམ་འདོན་གནང་བའི་སྐབས་སུ་བྱིའུའི་སྒྲ་སྐད་སྙན་པོ་ཐོས་བྱུང་བ་དེ།དེ་སྔ་ལྷ་ས་དང་དེ་བཞིན་རྒྱ་གར་ལའང་དེ་འདྲ་རང་ཐོས་རྒྱུ་ཡོད་པ་དྲན་སོང་བས་བྱིའུ་དེ་ང་ཚོ་ཚང་མར་ཡོད་པ་སྤྱི་མཚུངས་ཡིན་པས་ང་ཚོ་འགྲོ་བ་མིར་འཛམ་གླིང་ནང་མཛའ་བརྩེའི་འདུ་ཤེས་བཟང་པོ་སྤེལ་རྒྱུའི་བཅོས་མིན་གྱི་ནུས་པ་ཡོད་ལུགས་བཀའ་བསྩལ་གནང་འདུག་དེ་ཉིན་སྔ་དྲོ་༧གོང་ས་མཆོག་གིས་མཏེ་སུ་ཡ་མ་ཤི་ཀི་དྲན་རྟེན་འདུ་ཁང་ནང་དགེ་འདུན་པ་སྟོང་ཕྲག་ཁ་ཤས་ཀྱི་འདུས་ཚོགས་སུ་ཞབས་སོར་འཁོད་དེ།ནང་ཆོས་སྐོར་དགོངས་ཚུལ་བརྗེ་ལེན་གནང་བའི་རྗེས་སུ་༧གོང་ས་མཆོག་གིས་ང་ཚོ་ཚང་མ་སྟོན་པ་ཤཀྱ་ཐུབ་པའི་སློབ་མ་ཡིན་པ་སྤྱི་མཚུངས་ཡིན་པས།དགེ་འདུན་པ་ཚོས་སློབ་གཉེར་ཚུལ་བཞིན་གནང་དགོས་པའི་སྐུལ་དེད་གནང་འདུག་རེས་གཟའ་ཕུར་བུའི་ཉིན་༧གོང་ས་མཆོག་གིས་མང་ཚོགས་ལ་ཞི་བདེ་དང་བྱམས་བརྩེའི་སྐོར་གསུང་བཤད་གནང་རྒྱུ་ཡིན་འདུག།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎