རྒྱ་ནག་གི་དྲྭ་རྒྱའི་གསང་ཉུལ་བས་ཨ་རིའི་འཛུགས་སྐྲུན་ཁག་ལ་གཏོར་རྒོལ་གཏོང་རྒྱུའི་ཉེན་ཁ་ཡོད་འདུག

2024.02.01
རྒྱ་ནག་གི་དྲྭ་རྒྱའི་གསང་ཉུལ་བས་ཨ་རིའི་འཛུགས་སྐྲུན་ཁག་ལ་གཏོར་རྒོལ་གཏོང་རྒྱུའི་ཉེན་ཁ་ཡོད་འདུག ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་(Christopher Wray)་ལགས་ཨ་རིའི་གྲོས་ཚོགས་ནང་། ༠༡།༣༡།༢༠༢༤
AP

དེ་ཡང་སྤྱི་ཟླ་དང་པོའི་ཚེས་༣༡ཉིན་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་(Christopher Wray)་ལགས་ཀྱིས་ཨ་རིའི་གྲོས་ཚོགས་ཀྱི་ཉན་ཞིབ་ཐོག་ལན་འདེབས་གསལ་བཤད་གནང་སྐབས། རྒྱ་ནག་གཞུང་གི་རྒྱབ་སྐྱོར་འོག་རྒྱ་ནག་གི་དྲྭ་རྒྱའི་གསང་ཉུལ་བས་ཨ་རིའི་དམངས་སྤྱོད་ཀྱི་རྨང་གཞིའི་འཛུགས་བསྐྲུན་ཁག་ལ་གཏོར་རྒོལ་གཏོང་བའི་མཉེན་ཆས་དྲྭ་འབུ་རིགས་ཆེད་གཏོང་གི་འབད་བརྩོན་བྱེད་བཞིན་པའི་དངོས་ཡོད་ཉེན་ཁ་ཡོད་པའི་གནས་སྟངས་ངོ་སྤྲོད་གནང་པ་དང་འབྲེལ། ཁོང་གིས་རྒྱ་ནག་གི་དྲྭ་རྒྱའི་གསང་ཉུལ་བ་ཚོས་ཨ་རིའི་རྨང་གཞིའི་འཛུགས་བསྐྲུན་ལ་ལ་གཏོར་རྒོལ་གཏོང་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པས། དེས་ཨ་རིའི་མི་དམངས་དང་སྤྱི་ཚོགས་ལ་དོན་དངོས་ཀྱི་གནོད་འཚེ་བཟོ་བཞིན་ཡོད་པའི་ཉེན་བརྡ་བཏང་འདུག
ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཨ་རིའི་གྲོས་ཚོགས་འོག་མའི་ཉན་ཞིབ་ལ་མ་ཞུགས་པའི་སྔོན་ཙམ་ལ། ཨ་རིའི་ཁྲིམས་འཛིན་ལས་ཁུངས་ཀྱིས་རེས་གཟའ་ལྷག་པའི་ཉིན་གནས་ཚུལ་ཕྱིར་བསྒྲགས་བྱས་པར་ལྟར་ན། ཨ་རིའི་མི་སྒེར་དང་སྤྱི་གཉེར་ཁང་བརྒྱ་ཕྲག་དུ་མས་བེད་སྤྱོད་བྱེད་བཞིན་པའི་ཁྱིམ་ཚང་རང་བཞིན་གྱི་དྲ་འབྲེལ་ཡོ་ཆས་ཀྱི་མ་ལག་ནང་རྒྱ་ནག་གི་དྲྭ་རྒྱའི་གསང་མྱུལ་བ་འཛུལ་ནས་ཉེན་ཁ་ཆེ་བའི་མཉེན་ཆས་རིགས་བརྒྱུད་སྤེལ་བྱེད་བཞིན་པའི་ཤུལ་མེད་པ་བཟོ་ཐབས་བྱས་ཡོད་པ་བསྒྲགས་ཡོད།
དེ་བཞིན་ཨ་རིའི་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་དྲྭ་རྒྱའི་བདེ་འཇགས་དང་རྨང་གཞིའི་འཛུགས་བསྐྲུན་བདེ་འཇགས་ལྷན་ཁང་གི་འགན་འཛིན་(Jen Easterly)་ཡིས་ཀྱང་ཉན་ཞིབ་སྐབས་དེ་མཚུངས་ཀྱི་ཉེན་ཁ་ཡོད་པའི་སྐོར་གསུངས་ཡོད་པ་རེད།།


གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎