རྒྱ་ནག་གཞུང་གིས་དེང་སྐབས་གཞི་རིམ་ས་ཁུལ་ཁག་ནང་དྲྭ་རྒྱ་དོ་དམ་སྟངས་འཛིན་བྱེད་ཀྱི་འདུག

མིག་སྔར་རྒྱ་ནག་གི་སི་ཁྲོན་ཏེ་ཡང་གྲོང་ཁྱེར་ནང་གི་ས་གནས་ཞིག་ཏུ་དྲ་རྒྱ་དོ་དམ་པས་ཁྱིམ་ཚང་རེ་རེ་བྱས་ནས་མི་མང་གི་གནས་ཚུལ་བསྡུ་ལེན་བྱས་ཏེ། མི་མང་གིས་རྒྱལ་སྤྱིའི་སྐབས་དོན་ཆབ་སྲིད་ཀྱི་སྐོར་གླེང་མི་ཆོག་པའི་སྐོར་བཤད་ཀྱིན་ཡོད་པ་དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱིས། ས་གནས་ཀྱི་འབྲེལ་ཡོད་མི་སྣ་ལི་ཧོང་(李红)་ཟེར་བ་ཞིག་ལ་བཅར་འདྲི་ཞུ་སྐབས་ཁོང་གིས་གསུངས་དོན། ཁོ་ཚོའི་ས་ཁུལ་ཆུང་ངུ་དེར་དྲ་རྒྱའི་དོ་དམ་པ་ཁྱིམ་ཚང་རེར་གནས་ཚུལ་རྒྱུས་ལོན་བྱ་རུ་ཡོང་རྒྱུའི་བརྡ་ཁྱབ་སྤེལ་ཡོད་པ་མ་ཟད། མི་མང་གིས་དྲ་རྒྱའི་སྟེང་དུ་མགོ་སྐོར་འགོག་བྱེད་ཀྱི་མཉེན་ཆས་འཇོག་དགོས་བ་བཤད་ཀྱི་འདུག་མོད། དོན་དུ་ཁོ་ཚོས་དྲྭ་རྒྱར་ཞིབ་བཤེར་བྱེད་ཀྱིན་འདུག ད་དུང་མི་མང་ལ་མི་ཆེ་ཆུང་གང་ཡིན་ནའང་ཕྱི་ཕྱོགས་ཀྱི་(WhatsApp)་དང་ངོ་དེབ། (twitter) ཕྱིའི་གློག་འཕྲིན་སོགས་ལ་བལྟས་མི་ཆོག་པ་དང་། ཧ་མ་སི་དང་ཨེ་སི་རལ་གྱི་འཐབ་འཁྲུག་མི་གླེང་བ། ཕྱི་ཕྱོགས་ཀྱི་འཐབ་འཁྲུག་གི་སྐོར་གླེང་སློང་མི་བྱེད་པ། དཔྱད་བསྡུར་མི་བྱེད་པ། སྐད་ཆ་མི་བཤད་པ། བཟང་ངན་མི་གླེང་བ་བཅས་བྱ་དགོས་པའི་སྐོར་གྱི་བཀའ་ཁྱབ་བཏང་ཡོད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་འདུག
གཞན་ས་གནས་གཞན་ལའང་དེ་ལྟ་བུའི་བརྡ་སྦྱོར་བཏང་ཡོད་འདུག་ལ། རྒྱ་ནག་གིས་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནས་བཟུང་ས་གནས་སོ་སོར་དྲ་རྒྱའི་ཞིབ་བཤེར་དང་སྟངས་འཛིན་བྱ་རྒྱུའི་ཤུགས་ཆེ་རུ་བཏང་ཡོད་འདུག་ལ། ད་ལྟ་སྔོན་མའི་དྲྭ་རྒྱའི་དོ་དམ་པ་ནས་སྐད་འཕྲིན་དོ་དམ་པ་ཚུན་ཆད་ནས་སྟངས་འཛིན་ནན་མོ་བྱས་ཡོད་པ་མ་ཟད། ཐ་ན་བཟའ་བཅའ་སྐྱེལ་མཁན་གྱིས་ས་ཁུལ་གང་དེར་ཟ་མ་སྐྱེལ་དུས་ཁྱིམ་ཚང་དེའི་གནས་ཚུལ་ལ་སོ་ལྟ་བྱེད་དུ་འཇུག་གིན་ཡོད་པའི་གནས་ཚུལ་འཁོད་ཡོད་འདུག
གསར་འགོད་པ། ཀེ་ཐོ།
རྩོམ་སྒྲིག་པ། ཆོས་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།