འབྱོར་ལྡན་རྒྱལ་ཁབ་ཚོས་ནད་ཡམས་འགོག་ཁབ་གསོག་ཉར་བྱེད་བཞིན་པར་རྒྱལ་ཚོགས་ནང་སྐྱོན་བརྗོད་བྱས་འདུག

2021.09.23
འབྱོར་ལྡན་རྒྱལ་ཁབ་ཚོས་ནད་ཡམས་འགོག་ཁབ་གསོག་ཉར་བྱེད་བཞིན་པར་རྒྱལ་ཚོགས་ནང་སྐྱོན་བརྗོད་བྱས་འདུག ཨ་རིའི་ནང་ཚོགས་བཞིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག ༩།༢༣།༢༡
AFP

དེ་ཡང་བདུན་ཕྲག་འདིའི་ནང་ཨ་རིའི་ནང་ཚོགས་བཞིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག་ཚོགས་བཅར་ཞུས་པའི་འཛམ་གླིང་ནང་ཡར་རྒྱས་འགྲོ་བཞིན་པ་དང་འབྱོར་ལྡན་རྒྱལ་ཁབ་ཚོའི་དབུ་ཁྲིད་ཚོས། དེང་སྐབས་མུ་མཐུད་དུ་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་རྒྱལ་ཁབ་མང་པོའི་ནང་ཁྱབ་གདལ་འགྲོ་བཞིན་ཡོད་ཀྱང་འབྱོར་ལྡན་རྒྱལ་ཁབ་ཚོས་ཏོག་དབྱིབས་ནད་ཡམས་འགོག་ཁབ་གསོག་ཉར་བྱས་རྐྱེན་རྣམ་པ་འགྱུར་བའི་ཏོག་དབྱིབས་ནད་ཡམས་གསར་པ་ཤུགས་ཆེར་ཁྱབ་གདལ་འགྲོ་བཞིན་པ་དང་། རྒྱལ་ཁབ་སྐྱོ་བོ་ཁག་གི་ནང་འགོག་ཁབ་མི་འདེང་བའི་དཀའ་ངལ་ཡོད་པ་སོགས་ཀྱི་སྐྱོན་བརྗོད་བྱས་འདུག
ཧྥེ་ལི་པེན་སུ་(Philippines)་ཡི་སྲིད་འཛིན་(Rodrigo Duterte)་ཡིས་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག འབྱོར་ལྡན་རྒྱལ་ཁབ་ཚོས་འགྲོ་བ་མིའི་ཚེ་སྲོག་སྐྱོབ་བྱེད་ནད་ཡམས་སྔོན་འགོག་སྨན་ཁབ་གསོག་ཉར་བྱེད་བཞིན་པ་དང་། རྒྱལ་ཁབ་སྐྱོ་བོ་ཚོས་སྔོན་འགོག་སྨན་ཁབ་རག་རྒྱུར་ངང་སྒུག་བྱས་ནས་བསྡད་ཡོད། ད་ཆ་འཛམ་གླིང་གི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གིས་ཏོག་དབྱིབས་ནད་ཡམས་ཀྱི་འགོག་ཁབ་ཐུན་ཕྱེད་ཀ་རྒྱག་ཐུབ་པའི་བསམ་བློ་གཏོང་བཞིན་པའི་སྐབས་འདིར། འབྱོར་ལྡན་རྒྱལ་ཁབ་ཚོས་ད་ལྟ་ཏོག་དབྱིབས་སྔོན་འགོག་གི་སྨན་ཁབ་འཕར་མ་རིམ་པ་གསུམ་པ་དེ་རྒྱག་རྒྱུའི་གྲ་སྒྲིག་བྱེད་བཞིན་པ་དེ་ནི་ཡིད་ཆེས་དཀའ་བ་དང་། རང་འདོད་ཆེ་བའི་བྱ་སྤྱོད་དེ་རིགས་རྒྱུ་མཚན་མི་ལྡན་པ་དང་སྤྱོད་བཟང་དང་མི་མཐུན་པས་ངེས་པར་དུ་སྐྱོན་བརྗོད་བྱ་དགོས་པའི་སྐོར་གསུངས་ཡོད་པ་རེད།
འཛམ་གླིང་གི་མི་འབོར་བརྒྱ་ཆ་༣༥་ལ་ཉུང་མཐར་ཏོག་དབྱིབས་ནད་ཡམས་འགོག་ཁབ་སྨན་ཐུན་དང་པོ་རག་པ་རྣམས་འབྱོར་ལྡན་རྒྱལ་ཁབ་ནས་ཡིན་ཞིང་། ཉུང་མཐར་བརྒྱ་ཆ་༢༨་ནི་ཡོ་རོབ་དང་། བྱང་ཨ་མི་རི་ཀ་ནས་ཡིན་པའི་སྐོར་རོའུ་ཀྲར་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག་ལ། གནས་ཚུལ་ནང་། ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་སྨན་ཁབ་(Hati)་དང་། (Congo)་སྤྱི་མཐུན་རྒྱལ་ཁབ་ལྟ་བུའི་ནང་མི་འབོར་གྱི་བརྒྱ་ཆ་གཅིག་ལས་ཉུང་བར་མ་གཏོགས་རག་མེད་པ་དང་། དེ་མིན་ཨ་ཧྥེ་རི་ཀའི་རྒྱལ་ཁབ་ཁག་ནང་མི་འབོར་ས་ཡ་༩༠༠་ཙམ་ལ་སྔོན་འགོག་གི་སྨན་ཁབ་དགོས་གལ་ཆེ་བའི་གནས་སུ་ཡོད་པ་རེད་འདུག

གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎