ཨ་རི་དང་ཉི་ཧོང་གཉིས་པོ་མཉམ་འབྲེལ་དམ་ཟབ་དགོས་གལ།

ཨ་རི་དང་ཉི་ཧོང་གཉིས་དབར་བདེ་འཇགས་ཀྱི་གཞི་ཡུལ་ཐད་མཉམ་འབྲེལ་དམ་གཟབ་ཡོང་ཐབས་གནང་དགོས་གལ་ཆེ་ཡིན་སྐོར།

2010.10.06

༄༅༎གླིང་ཆེན་ཨེ་ཤི་ཡའི་ནང་གང་ཅིའི་འཕོ་འགྱུར་ཆེན་པོ་འགྲོ་གི་ཡོད་པའི་གནས་སྟངས་ལ་གདོང་ལེན་བྱ་རྒྱུར་ཨ་རི་དང་ཉི་ཧོང་གཉིས་དབར་བདེ་འཇགས་ཀྱི་གཞི་ཡུལ་ཐད་མཉམ་འབྲེལ་དམ་གཟབ་ཡོང་ཐབས་གནང་དགོས་གལ་ཆེ་ཡིན་སྐོར་ཨ་རིའི་ཤར་ཨེ་ཤི་ཡའི་ཕྱི་འབྲེལ་དཔོན་རིགས་གིས་དེ་རིང་གསུངས་བཞག།

ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལས་རོགས་ཀ་ཀྲི་ཁེམ་སྦེལ་ཡིས་ ཉི་ཧོང་གི་སྲིད་བློན་ན་ཨོ་ཏོ་ཀན་མཆོག་གིས་ཤར་རྒྱ་ནག་གི་རྒྱ་མཆོའི་ནང་གི་རྩོད་གཞི་ཅན་གྱི་གླིང་ཕྲན་དང་འབྲེལ་བའི་གནད་དོན་ཐད་ཉི་ཧོང་གིས་རྒྱ་ནག་ཐོག་ལང་ཕྱོགས་མཁྲེགས་པོ་འཛིན་གནང་སྟེ། ཆབ་སྲིད་འཛིན་སྐྱོང་གི་ནུས་པ་འདོན་སྤེལ་གནང་བར་བསྔགས་བརྗོད་གནང་འདུག།

ཉི་ཧོང་དུ་ཟླ་བ་རྗེས་མ་སྲིད་འཛིན་ཨོ་སྦ་མ་མཆོག་གཞུང་དོན་གཟིགས་སྐོར་ལ་ཕེབས་རྒྱུའི་སྔོན་ཚུད་གྲ་སྒྲིག་ཞུ་ཕྱིར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལས་རོགས་ཀ་ཀྲི་ཁེམ་སྦེལ་ཉི་ཧོང་ནང་ཕེབས་ཡོད་པ་དང༌། ཁོང་ཕེབས་པའི་དུས་ཚོད་དེ་ནི། རྒྱ་ནག་གིས་ཉི་ཧོང་དང་ཉེ་བའི་རྩོད་གཞི་ཅན་གྱི་གླིང་ཕྲན་རྒྱ་རྒྱུད་དུ་མཚོ་ཁའི་དམག་དོན་ལས་འཆར་རྒྱ་བརྐྱེད་གཏོང་གི་ཡོད་པ་མ་ཟད། བྱང་ཀོ་རི་ཡའི་རྡུལ་ཕྲན་དང་མེ་ཤུགས་འཕུར་མདེལ་གྱི་ལས་འཆར་ནང་ཐེ་གཏོགས་ཀྱང་བྱེད་བཞིན་པའི་དུས་ཚོད་ཅིག་ཀྱང་འཁེལ་གྱི་ཡོད་པ་རེད།

ཁེམ་སྦེལ་ཡིས་ཉི་ཧོང་ནང་གི་ཨ་རིའི་གཞུང་ཚབ་ཁང་དུ་འདུས་པའི་གསར་འགོད་པ་ཁག་ཅིག་ལ། བྱང་ཤར་ཨེ་ཤི་ཡ་ཙམ་མ་ཡིན་པར་ ཨེ་ཤི་ཡ་ཁྱོན་ཡོངས་ཀྱི་ནང་འཕོ་འགྱུར་གྱི་གནས་ཚུལ་མང་པོ་ཞིག་ཡོང་བཞིན་པའི་སྐབས་འདིར་ཨ་མི་རི་ཀ་དང་ཉི་ཧོང་གཉིས་དབར་གྱི་འབྲེལ་བ་རྗེས་ལུས་མ་ཐེབ་པ་བྱ་རྒྱུ་དེ་ནི་ཤིན་ཏུ་གལ་ཆེ་ཡིན་པ་དང༌། ང་ཚོས་གཙོ་བོ་མངའ་ཁུལ་འདིའི་ནང་བདེ་འཇགས་ཀྱི་ཁོར་ཡུག་ལ་འགྱུར་བ་འགྲོ་གི་ཡོད་པའི་གནད་དོན་ཐོག་ཆེད་མངག་དམིགས་ནས་འབྲེལ་བ་བྱེད་དགོས་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎