རྒྱལ་ཚོགས་ཀྱི་སྐུ་ཚབ་ནས་ལྕམ་སུའུ་ཆི་མཇལ་འཕྲད་ཐུགས་རེ།
2008.08.20
༄༅༎མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ ཨིབ་ར་ཧིམ་ གེམ་སྦ་རི་ ཡིས་དེ་རིང་རེས་གཟའ་ལྷག་པའི་ཉིན་འབར་མའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨོང་སན་སུའུ་ཆི་མཇལ་འཕྲད་གནང་རྒྱུའི་ཐུགས་རེ་གནང་གི་ཡོད་པ་རེད་ཅེས་འབར་མའི་མང་གཙོ་ཚོགས་པའི་ཚོགས་མི་ཞིག་གིས་དེ་རིང་རེས་གཟའ་ལྷག་པའི་ཉིན་བརྗོད་འདུག
འབར་མའི་མང་གཙོ་ཚོགས་པའི་མགྲིན་ཚབ་པ་ ནིཡེན་ལྦིན་ ཡིས་རྒྱལ་ཚོགས་ཀྱི་སྐུ་ཚབ་གེམ་སྦ་རིས་ མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨོང་སན་སུའུ་ཆི་མཆོག་དང་མཇལ་ཕྲད་གནང་རྒྱུ་ཐུགས་གཏན་འཁེལ་བའི་སྐོར་ཏག་ཏག་གསུངས་ཐུབ་ཀྱི་མེད་ཀྱང་ མང་གཙོ་ཚོགས་པའི་དབུ་ཁྲིད་གཞན་ཁག་དང་ཐུགས་འཕྲད་གནང་རྒྱུ་ཡིན་པ་ནི་ཁུངས་ལྡན་ཡིན་པ་གསལ་སྟོན་གནང་ཡོད་པ་རེད་ སྐུ་ཞབས་གེམ་སྦ་རི་བདུན་ཕྲག་འདིའི་རེས་གཟའ་ཟླ་བའི་ཉིན་འབར་མའི་ནང་ཕེབས་ཡོད་ཅིང་ཁོང་ད་རེས་དེ་གར་ཕེབས་དགོས་པའི་སྐུ་དོན་གཙོ་བོ་དེ་ད་བར་བཟང་བཙོན་འོག་ཏུ་བཞུགས་བཞིན་པའི་འབར་མའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨོང་སན་སུའུ་ཆི་མཆོག་དང་འབར་མའི་དྲག་པོའི་སྲིད་གཞུང་བར་གྲོས་མོལ་བསྐྱར་གསོ་གནང་རྒྱུ་དེ་ཡིན་པ་རེད་