མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐོག་རྒྱལ་ཁབ་མང་པོས་བོད་དོན་གླེང་སློང་བྱས་འདུག

2022.09.29
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐོག་རྒྱལ་ཁབ་མང་པོས་བོད་དོན་གླེང་སློང་བྱས་འདུག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཆེན་ཐེངས་༥༡པའི་ཐོག ༠༩།༡༢།༢༠༢༢
AFP

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཆེན་ཐེངས་ལྔ་གཅིག་པའི་ཐོག་རྒྱལ་ཁབ་མང་པོས་བོད་དོན་གླེང་སློང་གནང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་བློ་འཚབ་ཡོད་པ་བསྟན་འདུག
དེ་ཡང་དེང་སྐབས་སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་ཐེངས་༥༡པ་དེ་ཚོགས་བཞིན་ཡོད་པ་དང་། ཚོགས་ཆེན་ཐོག་ཨ་རི་དང་། ཡོ་རོབ་སྤྱི་མཐུན་སྒྲིག་འཛུགས་ཁོངས་ཀྱི་རྒྱལ་ཁབ་ཁག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། དམིགས་བསལ་དེང་སྐབས་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོག་ཐབས་ཟེར་བའི་འོག་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ཚབས་ཆེན་ཡིན་པ་བཅས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་བློ་འཚབ་ཆེན་པོ་ཡོད་པ་བསྟན་འདུག
ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཡོ་རོབ་སྤྱི་མཐུན་ཚོགས་པའི་ཚོགས་མི་རྒྱལ་ཁབ་༢༧གྱི་ཚབ་ཞུས་ཏེ་བསྒྲགས་གཏམ་ཞིག་སྤེལ་སྐབས། རྒྱ་ནག་གཞུང་གིས་བོད་ཚུད་པའི་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ཧ་ཅང་ཛ་དྲག་ཡིན་པའི་སྐོར་དང་། རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་བརྩི་སྲུང་ཞུས་ཏེ་བོད་ཚུད་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་ཤུགས་ཆེ་གནང་ཡོད་པ་མ་ཟད་། ཨ་རི་དང་། ཌན་མཀ ཇར་མ་ནི། ལིཐུ་ནི་ཡྭ། སུད་ཌན་སོགས་རྒྱལ་ཁབ་ཁག་གིས་ཀྱང་རྒྱ་ནག་གཞུང་གིས་རང་ཉིད་ཀྱི་ཁས་ལེན་ས་རྟགས་བཀོད་པའི་རྒྱལ་སྤྱིའི་སྒྲིག་སྲོལ་ཁག་ལ་སྲུང་བརྩི་ཞུས་ནས་བོད་དང་ཤིན་ཅང་ཚུད་པའི་རྒྱ་ནག་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་ལ་བརྕི་བཀུར་ཞུ་དགོས་པའི་འབོད་སྐུལ་ཤུགས་ཆེ་གནང་ཡོད་འདུག
ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པ་ཊོ་མོ་ཡཱ་ཨོ་བྷོ་ཀ་ཊ་ (Tomoya Obokata)་ཡིས་རྒྱ་ནག་གཞུང་གིས་ཤར་ཏུར་ཀིསུ་ཐན་ནང་ལྟར། བོད་ནང་དུའང་བོད་མི་རྣམས་ལ་བཙན་དབང་གིས་བྲན་གཡོག་ལྟ་བུའི་ངལ་རྩོལ་བྱེད་དུ་བཅུག་ཡོད་པའི་སྙན་ཐོ་བཏོན་ཡོད་པ་དང་། སུད་སི་རྒྱལ་ཁབ་ཀྱི་ངོས་ནས་སྙན་ཐོ་དེ་དྲན་གསོ་དང་སྦྲགས་རྒྱ་ནག་གཞུང་གིས་བཙན་དབང་གིས་བོད་དུ་གཞི་རྒྱ་ཆེ་བའི་སྒོ་ནས་ངལ་རྩོལ་བསྒྱུར་བཀོད་ཁང་གི་ལས་གཞི་སྤེལ་དང་སྤེལ་བཞིན་པར་ཐུགས་འཚབ་གནང་གི་ཡོད་སྐོར་དང་། ཕྱོགས་མཚུངས་ཉི་ཧོང་དང་། དབྱིན་ཡུལ། ཨཱཡི་ལེནྜ། ཕིན་ལེནྜ། ནི་དར་ལེནྜ་སོགས་རྒྱལ་ཁབ་ཁག་གིས་ཀྱང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིད་མེད་རྡོག་རོལ་གཏོང་བཞིན་པར་ཐུགས་འཚབ་ཆེན་པོ་ཡོད་པའི་སྐོར་བཏོན་གནང་ཡོད་འདུགཔ་སོགས་བོད་མིའི་སྒྲིག་འཛུགས་དང་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་འདུག

གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎