ནེའུ་ཡོག་གཞོན་ནུས་ཛ་དྲག་གིས་མི་དམངས་བསྡུ་སྐོང་གནང་བ།
2015.12.28
དེ་ཡང་ཉེ་ལམ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གནས་སྐབས་སྒོ་རྒྱབ་པ་ཡིན་པའི་ཨ་རིའི་ནེའུ་ཡོག་དང་ནེའུ་ཇར་སེ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱན་ལས་རྣམ་པས། སྤྱི་ཟླ་༡༢ཚེས༢༦རེས་གཟའ་སྤེན་པའི་ཉིན། སྤྱི་ཁང་ཕུན་ཚོགས་སྡེ་བཞིར་དམིཊ་བསལ་ཛ་དྲག་གིས་ས་གནས་མི་མང་བསྡུ་སྐོང་བྱས་ནས་ཚོཊ་འདུ་ཞིག་སྐོང་གནང་གིས། གཏམ་བཤད་རིམ་པ་སྤེལ་བའི་རྗེས་རྒྱན་ལས་རྣམ་པ་ཚོས་ད་ལྟའི་རྒྱུན་ལས་འཕོ་འགྱུར་དགོས་མིན་སྐབས་དེའི་ཚོགས་ཞུགས་མི་མང་གིས་འོས་བསྡུའི་ལམ་ནས་ཐག་གཅོད་བྱེད་དགོས་ཚུལ་བཤད་ནས་འོས་བླུགས་ཡོད་པ་རེད། སྐབས་དེར་ཚོཊ་བཅར་བ་མི་གྲངས་སུམ་བརྒྱ་ལྷག་ཡོད་པ་ནས་མང་ཆེ་བས་ས་གནས་གཞོན་ནུའི་རྒྱུན་ལས་མུ་མཐུད་གནས་རྒྱུར་རྒྱབ་སྐྱོར་བྱས་ཡོད་པ་དང་། ཁག་ཅིག་གིས་ད་ལྟའི་ས་གནས་གཞོན་ནུའི་རྒྱུན་ལས་རྣམས་མུ་མཐུད་གནས་རྒྱུར་མོས་མཐུན་མེད་པའི་རྣམ་འགྱུར་བསྟན་འདུག་ལ་རྒྱུན་ལས་རྣམ་པས་མི་མང་གི་འོས་ལྟར་ས་གནས་གཞོན་ནུའི་འགན་འཁུར་མཇུག་སྐྱོང་གནང་རྒྱུ་ཡིན་པ་བཤད་འདུག
འདི་ག་རླུང་འཕྲིན་ཁང་གིས་ས་གནས་གཞོན་ནུའི་དྲུང་ཆེ་འཇམ་དཔལ་བསྟན་འཛིན་ལགས་སུ། ནེའི་ཡོག་ལ་ས་གནས་གཞོན་ནུ་གཞན་དང་མ་འདྲ་བར་གཞོན་ནུའི་རྒྱུན་ལས་འོས་འདེམས་སྐབས་སུ། གཞོན་ནུའི་ཚོགས་མི་ཙམ་མ་ཡིན་པར་མི་མང་ཚང་མས་འོས་འཕེན་གནང་སྲོལ་ཡོད་པའི་སྐོར་ལ་འདྲི་སྐབས། ཁོང་གིས་དངོས་ཡོད་གནས་ཚུལ་ལ། ནེའུ་ཡོག་ས་གནས་གཞོན་ནུ་དང་པོ་ཚུགས་དུས་ནས་ད་བར། རྒྱུན་ལས་རྣམ་པ་ས་གནས་དམངས་ཚོགས་ཀྱིས་འདེམས་པ་ལས་གཞོན་ནུའི་ཚོགས་མིའི་འདེམས་པ་ནེའུ་ཡོག་གཞོན་ནུའི་ལོ་རྒྱུས་ནང་བྱུང་མྱོང་ཡོད་པ་མ་རེད། སྔོན་མ་ང་ཚོའི་རྒྱུན་ལས་འོས་བསྡུ་སྐབས་མི་གྲངས་ལྔ་བཅུ་དྲུག་བཅུ་མང་ན་༧༠ཙམ་ལས་འཛོམས་ཀྱི་མེད་ཀྱང་། ཉེ་བའི་སྤྱི་ཟླ༤བར་ང་ཚོའི་རྒྱུན་ལས་འོས་འདེམས་སྐབས་མི་གྲངས་༡༥༠༠་ལྷག་འཛོམས་ཡོད་པ་བརྗོད་བྱུང་།
ད་ལྟ་བར་ཡོངས་གྲགས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ས་གནས་དང་། དབུས་རྒྱུན་ལས་འོས་འདེམས་སྐབས་སུ་འོས་འཕེན་པ་ཚང་མ་གཞོན་ནུའི་ཚོགས་མི་ཡིན་དགོས་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞིར་འཁོད་ཡོད་འདུག
ཉེ་ལམ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལཊ་དང་། དྲུང་ཆེ་བཀྲིས་ལམ་བཟང་ལཊ་གཙོས་པའི་དབུས་རྒྱུན་ལྔ་ཨ་རིའི་ནེའུ་ཡོག་ལ་ཆེད་ཕེབས་ཀྱིས། བར་འདུམ་མི་སྣ་གདན་ཞུ་ཞུས་བ་དང་མཉམ་ས་གནས་གཞོན་ནུ་དང་དབུས་རྒྱུན་དབར་དེ་སྔའི་རྩོད་རྙོག་གི་དཀའ་ངལ་སེལ་ཐབས་གནང་རྗེས་དོན་འབྲས་མ་སོན་པར་བརྟེན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༤༦པའི་གྲོས་གཞི་དོན་ཚན་གྱི་དགོངས་དོན་ལྟར་ནེའུ་ཡོག་དང་ནེའུ་ཇེར་སེ་ས་གནས་གཞོན་ནུ་ལྷན་ཚོགས་གནས་སྐབས་རིང་སྒོ་རྒྱབ་པ་ཡིན་པའི་གསལ་བསྒྲཊ་ཞིག་འདི་ཟླའི་ཚེས་༡༦ཉིན་ཡོངས་ཁྱབ་སྤེལ་ཡོད་པ་རེད།
གསར་འགོད་པ་ཀརྨ་རྒྱ་མཚོ།