རྒྱ་གཞུང་ནས་ཡུ་གུར་མི་རིཌ་ལ་དྲག་གནོན་བྱས་པར་སྐྱོན་བརྗོད།

རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཚོའི་ཐོག་དྲག་གནོན་བྱེད་བཞིན་པའི་གནས་སྟངས་ལ་ཀྲར་ཀིའི་གཞུང་ནས་སླར་ཡང་སྐྱོན་བརྗོད་བྱས་ཡོད་འདུག

2009.07.09

༄༅༎རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཚོའི་ཐོག་དྲག་གནོན་བྱེད་བཞིན་པའི་གནས་སྟངས་ལ་ཀྲར་ཀིའི་གཞུང་ནས་སླར་ཡང་སྐྱོན་བརྗོད་བྱས་ཡོད་འདུག

རེས་གཟའ་ཉི་མའི་ཉིན་རྒྱ་ནག་གི་ནུབ་རྒྱུད་ཤིན་ཅང་མངའ་ཁུལ་དུ་རྒྱ་ཧན་མི་རིགས་དང་ཡུ་གུར་མི་རིགས་ཚོའི་དབར་འཁོན་འཛིན་བྱུང་བའི་སྐབས་རྒྱ་མིའི་ཉེན་རྟོག་དམག་མིས་ཁྲོམ་གཞུང་ནང་ཡུ་གུར་མི་རིགས་ཚོའི་ཐོག་དྲག་ཤུགས་སྤེལ་བའི་གནད་དོན་ལ་དེ་རིང་ཀྲར་ཀིའི་གཞུང་ནས་སྐྱོན་བརྗོད་བྱས་ཡོད་འདུག

དེ་ཡང་ཀྲར་ཀིའི་སྲིད་བློན་གཞོན་པ་སྦུ་ལེན་དྲ་ཨ་རིན་ཀི་མཆོག་གིས་རྒྱ་ནག་གཞུང་ནས་དྲག་གནོན་འོག་རྒྱལ་ས་ཨུ་རུམ་ཆིའི་ནང་བདེ་འཇགས་མེད་པ་བཟོས་པ་དང་མི་གྲངས་བརྒྱ་དང་ལྔ་བཅུ་ང་དྲུག་ཙམ་རྐྱེན་ལམ་དུ་ཕྱིན་པའི་གནས་ཚུལ་དེ་དག་གསང་ཐབས་བྱེད་རྒྱུར་དཔལ་འབྱོར་གྱི་སྟོབས་ཤུགས་བརྒྱུད་ནས་འཛམ་གླིང་ལ་མགོ་བསྐོར་བསླུ་འཁྲིད་བྱེད་ཀྱི་ཡོད་ལུགས་སྐྱོན་བརྗོད་གནང་འདུག

ཁ་ས་ཀྲར་ཀིའི་སྲིད་བློན་མཆོག་ནས་ཀྱང་རྒྱ་ནག་གཞུང་ནས་ཡུ་གུར་མི་རིགས་ཚོའི་ཐོག་དྲག་གནོན་བྱེད་བཞིན་པའི་གནད་དོན་དེ་དག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཚོགས་ཀྱི་ནང་གླེང་སློང་གནང་གི་ཡིན་ཞེས་རྒྱ་ནག་གཞུང་ནས་ཡུ་གུར་གྲངས་ཉུང་མི་རིགས་ཚོའི་ཐོག་སྟངས་འཛིན་བྱེད་ཕྱོགས་ལ་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད།

སྤྱིར་བཏང་རྒྱ་ནག་གཞུང་ནས་འབོད་པའི་ཤིན་ཅང་ཞེས་པའི་མངའ་ཁུལ་འདིའི་ནང་གི་ས་སྐྱེས་རྡོ་སྐྱེས་ཀྱི་མི་རིགས་ཚོ་ནི་ཏུར་ཀིའི་མི་རིགས་ཡིན་པ་དང་དེ་སྔ་ཤར་ཏུར་ཀི་སི་ཐན་ཞེས་ཟེར་གྱི་ཡོད་པ་ཞིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎