༢༠༠༨ལོའི་ཞི་རྒོལ་བ་གསུམ་ད་དུང་བཙོན་འཇུག་འོག་ཡོད་པ།
2015.03.18
མཚོ་ལྷོ་ཁུལ་གྱི་གཙང་དགོན་པའི་དགེ་འདུན་པ་གསུམ་མུ་མཐུད་ནས་རྒྱ་ནག་གིས་བཙོན་འཇུག་བྱེད་བཞིན་པ་རེད་འདུག
དེ་ཡང་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་གྱིས་གནས་ཚུལ་བཏང་དོན། ཕྱི་ལོ་ ༢༠༠༨་ལོའི་ཕྱི་ཟླ་གསུམ་པའི་ཚེས་༡༧ཉིན་མཚོ་ལྷོ་ཁུལ་གྱི་རྨ་བྱང་ཡུལ་ཚོའི་གཙང་དགོན་པའི་དགེ་འདུན་པ་ལྔ་བཅུ་དང་མི་སྐྱ་གསུམ་བཅུ་ལྷ་གིས་མཉམ་དུ། བོད་ས་སྤྱི་མཚུངས་ལྟར་ས་བྱི་ཞི་རྒོལ་གནང་བ་དང་། ལས་འགུལ་དེའི་རྐྱེན་པས་གཙང་དགོན་པའི་དགེ་འདུན་པ་དང་མི་སྐྱ་མང་པོ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་མང་ཆེ་བ་རིམ་པས་གློད་བཀྲོལ་བཏང་ཡོད་ཀྱང་། གཙང་དགོན་པའི་དགེ་འདུན་པ་མཁས་གྲུབ་རྒྱལ་མཚན་དང་། མཆོག་སྤྲུལ་རྒྱ་མཚོ། ཚེ་བཟང་རྒྱ་མཚོ་ལགས་གསུམ་ད་ལྟ་ཡང་གློད་བཀྲོལ་མ་བཏང་བར་རྒྱ་ནག་གི་བཙོན་འཇུག་འོག་ཡོད་པ་དང་། གནས་ཚུལ་ལྟར་ན། དགེ་འདུན་པ་མཆོག་སྤྲུལ་རྒྱ་མཚོ་ལགས་ཕིང་ཡང་གྲོང་ཁྱེར་གྱི་བཙོན་ཁང་ཞིག་གི་ནང་དུ་ཡོད་པ་དང་། མཁས་གྲུབ་རྒྱ་མཚོ་ལགས་དང་ཚེ་བཟང་རྒྱ་མཚོ་ལགས་གཉིས་ཟི་ལིང་གི་བཙོན་ཁང་གཅིག་གི་ནང་དུ་མུ་མཐུད་ནས་ཡོད་པ་རེད་འདུག
གསར་འགོད་པ་ཀརྨ་རྡོ་རྗེ།