ལོ་ན་བཅོ་བརྒྱད་མ་སོན་པར་དགོན་པར་ཞུཊ་ན་མི་རིཊ་ཀྱི་གྱོང་ཡིན་ཚུལ་བཤད་འདུག


2018.07.20
རྫ་ཆུ་ཁ་ཕྱོགས་ཀྱི་དགེ་འདུན་པ་ལོ་ཆུང་མང་པོ་དགོན་པ་ནས་ཕྱིར་ཕུད་གཏོང་བཞིན་པ། ༢༠༡༨།༧ རྫ་ཆུ་ཁ་ཕྱོགས་ཀྱི་དགེ་འདུན་པ་ལོ་ཆུང་མང་པོ་དགོན་པ་ནས་ཕྱིར་ཕུད་གཏོང་བཞིན་པ། ༢༠༡༨།༧
བོད་འབྱོར།

ས་གནས་རྒྱ་ནག་གི་འབྲེལ་ཡོད་ནས་ཁྲིམས་ལྟར་ལོ་ན་བཅོ་བརྒྱད་མ་སོན་པར་དགོན་པའི་ནང་ཞུགས་ན་མི་རིགས་ལ་གྱོང་གུན་རེད་ཅེས་བརྗོད་འདུག
དེ་ཡང་ཉེ་ལམ་ཟི་ཁྲོན་ཞིང་ཆེན་ཁོངས་རྫ་ཆུ་ཁ་ནས་གྲྭ་ཕྲུག་མང་པོ་དགོན་པ་ནས་ཕྱིར་ཕུད་བྱེད་པའི་གནས་ཚུལ་ཐོན་ཡོད་པ་དང་། ཕྱི་ཟླ་༧པའི་ཚེས་༢༠ཉིན་འདི་ག་རླུང་འཕྲིན་ཁང་གིས་བོད་ནས་ཐད་ཀར་གནས་ཚུལ་ངོ་སྤྲོད་པ་ཞིག་གིས། རྒྱ་ནག་གི་འབྲེལ་ཡོད་ཚན་པས་རྫ་ཆུ་ཁ་ཕྱོགས་ཀྱི་དགོན་པ་ཁག་ནས་གྲྭ་བ་ལོ་ཆུང་མང་པོ་བཙན་གྱིས་དགོན་པ་ནས་ཕྱིར་ཕུད་བཏང་བ་དང་སློབ་གྲྭར་འགྲོ་དགོས་པའི་བཀའ་བཏང་ཐོག ཁོང་ཚོས་རྒྱ་ནག་གཞུང་གི་ཁྲིམས་ལྟར་ལོ་ན་༡༨མ་སོན་པར་དགོན་པའི་ནང་ཞུགས་མི་ཆོག་ཅིང་། ཁོང་རྣམ་པས་མི་རིགས་ལ་ཞབས་ཞུ་དགོས་པ་ལས་ནར་མ་སོན་པ་དགོན་པར་ནང་ཞུགས་ན་དེ་ནི་མི་རིགས་ལ་གྱོང་གུན་རེད་ཅེས་བརྗོད་ཡོད་འདུག
ད་དུང་ཁོང་གིས་ཕྱི་ཟླ་༧ཚེས་༡༠ཉིན་གྲྭ་ཆུང་མང་པོ་དགོན་པ་ནས་ཕྱིར་བཏོན་གནང་ཡོད་པ་དེ་དག་རྫ་ཆུ་ཁ་སེར་ཤུལ་དགོན་རང་ནས་རེད་ཅེས་དང་། རང་ལོ་༡༦མན་གྱི་གྲྭ་ཆུང་རྣམས་བཙན་དབང་ཐོག་ནས་དགོན་པར་སྡོད་མ་བཅུག་པར་ཕྱིར་ཕུད་བཏང་ནས་རྒྱ་ནག་གཞུང་གི་བཙུགས་པའི་སློབ་གྲྭ་ཁག་ནང་དེ་སྔ་ག་བར་ཡོད་པ་དེར་འགྲོ་དགོས་པའི་བཀའ་རྒྱ་བཏང་ཡོད་པ་རེད་ཟེར།
རྒྱ་གཞུང་གིས་ཟེར་ན་གྲྭ་ཆུང་དེ་དག་ལོ་ན་མ་ཟིན་པའི་རྐྱེན་བསམ་བློ་གཏོང་སྟངས་མི་ཤེས་པའི་དུས་སྐབས་སུ། དགོན་པ་ནང་འཇུག་རྒྱུ་མེད་པ་དང་ཡང་རྗེས་སུ་ནར་སོན་པ་དང་ཆེན་པོ་ཆགས་དུས་དགོན་པའི་ནང་སླར་འཇུག་ཆོག་པ་བརྗོད་ཡོད་འདུག ཡིན་ན་ཡང་སོ་སོའི་རང་ཉིད་ཀྱི་ས་གནས་སུ་བསྡོད་དགོས་པ་ལས་གཞན་སར་བསྐྱོད་མི་ཆོག་པ་བརྗོད་འདུག་དེ་ལྟར་བྱེད་ན་རྒྱལ་ཁབ་ཀྱིས་རོགས་རམ་བྱེད་རྒྱུ་ཡིན་ཚུལ་བཤད་འདུག
ཡང་ཕྱིར་འབུད་བྱས་པའི་ཁོང་ནས་ས་གནས་དེ་རང་གི་མ་གཏོགས་ས་གནས་གཞན་ནས་ཕེབས་པ་མེད་པ་རེད་ཟེར། ཕ་མ་ཆོས་དད་ཅན་དེ་ཚོས་ཕྲུ་གུ་དགོན་པའི་ནང་ཞུགས་མ་ཐུབ་པར་བློ་ཕམ་དང་ངུ་འབོད་བྱེད་པ་ལས་དེ་མིན་གྱི་ཕ་མ་གཞན་ཚོས་དགོན་པ་ནས་ཕྱིར་ཐོན་བྱེད་པ་ལ་དགའ་མོས་འདྲ་བྱེད་ཀྱི་འདུག་ཟེར།
སྤྱིར་སེར་ཤུལ་རྫོང་དུ་དཔོན་རིགས་ཚོས་ཧུར་བརྩོན་ཅན་རེད་དེ་ད་རིས་ཕྲུ་གུ་བཏོན་པ་དེ་གོང་རིམ་ནས་བཀའ་ཡིན་པ་ལས་ས་གནས་ཀྱི་དཔོན་རིགས་ཚོས་ཕུད་པ་མ་རེད་ཅེས་བརྗོད་འདུག
དེ་ཡང་སྤྱི་ལོ་༢༠༡༨ལོའི་ཕྱི་ཟླ་༧ཚེས་༡༠ཉིན་རྫ་སེར་ཤུལ་དགོན་ནས་གྲྭ་ཆུང་༢༠༠ལྷག་ཙམ་ཞིག་རྒྱལ་ཁབ་ཀྱིས་བཙན་ཁྲིད་བྱས་ཏེ། དགོན་པར་ཞུགས་མ་བཅུག་པར་གཞུང་གི་བཙུགས་པའི་སློབ་གྲྭ་ཁག་ནང་མ་ཞུགས་ཐབས་མེད་ཀྱི་བཀའ་བཏང་ཡོད་སྟབས། གྲྭ་ཆུང་རྣམས་གདོང་མིག་ཆུའི་གང་ནས་མི་འདོད་བཞིན་དུ་སྐྱ་ཆས་གྱོན་སྟེ། དགོན་པ་ནས་ཕྱིར་ཐོན་རྒྱ་གཞུང་གིས་བཙུགས་པའི་སློབ་གྲ་ཁག་གི་ནང་འགྲོ་དགོས་ཐུག་ཡོད་པ་དེའི་གོང་དུ་གནས་ཚུལ་ཐོན་ཡོད་པ་རེད།

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎