ཨཕ་གན་ནང་གི་ཁེ་ན་གྲའི་དམག་དཔོན་གནས་དབྱུངས་བཏང་།

ཨཕ་ག་ནི་སེ་ཐན་ནང་ཁེ་ན་གྲའི་དཔུང་དམག་གི་འགོ་འཛིན་བགྲེས་པ་ཞིག་གནས་དབྱུངས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

2010.05.30

༄༅།།ཨཕ་ག་ནི་སེ་ཐན་ནང་ཁེ་ན་གྲའི་དཔུང་དམག་གི་འགོ་འཛིན་བགྲེས་པ་ཞིག་གནས་དབྱུངས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག༎

ཁེ་ན་གྲའི་གཞུང་གིས་དམག་སྤྱི་ཌེ་ནིའེལ་མེ་ནརྜི་གྱི་ཀུན་སྤྱོད་འགྲིག་མིན་གྱི་གནས་ཚུལ་ལུང་འདྲེན་གྱིས་ཁོང་ལ་ཡིད་ཆེས་བརླགས་པར་བརྟེན་གནས་དབྱུངས་བཏང་ཡོད་པ་ཙམ་ལས་ཞིབ་ཁྲའི་གནས་ཚུལ་འགྲེལ་བརྗོད་གནང་མེད་ལུགས་ཨེ་ཨེཕ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག འོན་ཀྱང་བདུན་ཕྲག་གཅིག་གོང་ཁེ་ན་གྲའི་བརྒྱུད་ལམ་ཁག་གིས་དམག་སྤྱི་ཌེ་ནིའེལ་མེནརྜི་གྱིས་འདི་ལོ་ཕྱི་ཟླ་གསུམ་པའི་ནང་ ཀན་རྡ་ཧར་གནམ་ཐང་དུ་གང་བྱུང་མེ་མདའ་རྒྱག་པའི་དོན་རྐྱེན་ཞིབ་འཇུག་སྐབས་དོ་བདག་གིས་ནོར་འཕྲུལ་ངོས་ལེན་གནང་ཡོད་པ་དང་འབྲེལ་བའི་གནས་ཚུལ་སྤེལ་ཡོད་འདུག ཨཕ་ག་ནི་སེ་ཐན་གྱི་རྒྱལ་སྤྱིའི་དཔུང་དམག་ཆིག་འབུམ་གསུམ་ཁྲི་ཡོད་པའི་ཁོངས་ཁེ་ན་གྲའི་དམག་མི་ཉིས་སྟོང་བརྒྱད་ཡོད་པ་དང་མང་ཆེ་བ་ཀན་རྡ་ཧར་ནང་རྟེན་གཞི་བྱས་ཡོད་རེད་ ད་ཆ་ཁེ་ན་གྲའི་སྲུང་སྐྱོབ་ལས་ཁུངས་ཀྱིས་གནས་དབྱུངས་བཏང་བའི་དམག་སྤྱིའི་ཚབ་ཏུ་དམག་སྤྱི་ཇྭོན་ལྦེན་སི་བསྐོ་གཞག་གང་མགྱོགས་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎