ཨོས་ཊེ་ལི་ཡས་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཐོག་གཟིགས་ཞིབ།


2020.07.18
རྒྱ་གར་ནང་བཀག་སྡོམ་བྱས་བའི་རྒྱ་ནག་གི་ཁ་པར་མཉེན་ཆས་རིགས། རྒྱ་གར་ནང་བཀག་སྡོམ་བྱས་བའི་རྒྱ་ནག་གི་ཁ་པར་མཉེན་ཆས་རིགས།
སྒྲིག་བཟོ།

ཨོས་ཊེ་ལི་ཡའི་གཞུང་གིས་ཀྲིག་ཀྲོག་དང་Wechat འམ་སྐད་འཕྲིན་སོགས་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཁག་གིས་ཡུལ་དེའི་བདེ་འཇགས་སྲུང་སྐྱོབ་ལ་ཉེན་ཁ་བཟོ་ཡི་ཡོད་མིན་དཔྱད་ཞིབ་གནང་འགོ་འཛུགས་འཆར་ཡོད་པའི་གནས་ཚུལ་འདུག  རྒྱ་ནག་གི་མཉན་ཆས་ཀྲིག་ཀྲོག་དང་སྐད་འཕྲིན་སོགས་སྤྱི་ཚོགས་བརྒྱུད་ལམ་བེད་སྤྱོད་མཁན་ཚོའི་གནས་ཚུལ་རྒྱ་ནག་གཞུང་ལ་མཁོ་སྤྲོད་བྱེད་དགོས་ངེས་ཡིན་མིན་གྱི་གནད་དོན་ཐོག་སེམས་འཚབ་ཇེ་ཆེར་འགྲོ་བཞིན་པའི་སྐབས་འདིར་ཨོས་ཊེ་ལི་ཡའི་སྲིད་བློན་སི་ཀོཊ་མོ་རི་སན་Scott Morrison མཆོག་གིས་ཨོས་ཊེ་ལི་ཡའི་གཞུང་གིས་ཀྲིག་ཀྲོག་སོགས་མཉན་ཆས་ཐོག་གཟིགས་ཞིབ་ནན་པོ་གནང་བཞིན་པ་དང་གལ་ཏེ་བརྙན་པར་མཉམ་སྤྱོད་བྱ་རྒྱུའི་མཉན་ཆས་ཀྱི་ཁ་གཏད་ལ་ལས་དོན་སྤེལ་དགོས་བྱུང་ཚེ་ལས་དོན་ངེས་པར་དུ་སྤེལ་རྒྱུ་ཡིན་སྐོར་ཁ་ས་གཟའ་པ་སངས་ཉིན་གསུངས་འདུག  ཨོས་ཊེ་ལི་ཡའི་The Sydney Morning Herald དང་ The Age ཞེས་པའི་ཚགས་པར་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན་སྲིད་བློན་མོ་རི་སན་མཆོག་གིས་དབུ་འཁྲིད་པའི་ཨོས་ཊེ་ལི་ཡའི་གཞུང་གིས་ཀྲིག་ཀྲོག་དང་སྐད་འཕྲིན།        དེ་བཞིན་ཝཡ་བྷོ་Weibo སོགས་སྤྱི་ཚོགས་བརྒྱུད་ལམ་གྱི་ཁེ་གཉེར་ལས་ཁང་ཁག་ལ་འདྲི་རྩད་བྱ་རྒྱུ་གསར་འཛུགས་གནང་འཆར་ཡོད་པ་དང་།     དེ་ལ་ཡུལ་དེའི་བདེ་འཇགས་སྲུང་སྐྱོབ་ལས་ཁང་ཁག་གིས་སློབ་སྟོན་གནང་འཆར་འདུག        ཨོས་ཊེ་ལི་ཡའི་གཞུང་གི་གནས་ཚུལ་འབྱུང་ཁུངས་ཁག་ལྟར་ན། རྒྱ་མིའི་མཉན་ཆས་ཁག་ལ་དཔྱད་ཞིབ་གནང་རྒྱུ་དེ་ནི་གཞུང་འབྲེལ་གྱི་དཔྱད་ཞིབ་མ་ཡིན་པར་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་གནས་པའི་རྒྱ་མི་རིགས་ཚོས་ཀྲིག་ཀྲོག་དང་སྐད་འཕྲིན།        དེ་བཞིན་ཝཡ་བྷོ་Weibo སོགས་བེད་སྤྱོད་བྱེད་བཞིན་པ་དེ་དག་གིས་བདེ་འཇགས་སྲུང་སྐྱོབ་ལ་ཉེན་ཁ་བཟོ་ཡི་ཡོད་མིན་རྟགས་དཔྱད་གནང་ཕྱིར་ཡིན་འདུག ཡང་སྲིད་བློན་མོ་རི་སན་མཆོག་གིས་ཀྲིག་ཀྲོག་གཙོས་པའི་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་གྱི་མཉན་ཆས་ཁག་གིས་ཡུལ་གྱི་བདེ་འཇགས་སྲུང་སྐྱོབ་ལ་ཉེན་ཁ་བཟོ་ཡི་ཡོད་མིན་ཨ་མེ་རི་ཀའི་དཔོན་རིགས་ཚོའི་ལྷན་དུ་བཀའ་མོལ་གནང་མུས་ཡིན་འདུག ཨ་རིའི་སྲིད་འཛིན་ཊྲམ་འཛིན་སྐྱོང་གིས་ཀྲིག་ཀྲོག་གཙོས་པའི་རྒྱ་མིའི་སྤྱི་ཚོགས་དྲ་ལམ་ཁག་ལ་དམ་བསྒྲགས་གནང་རྒྱུ་ཡིན་མིན་བདུན་ཕྲག་འགའ་ཤས་ནང་ཚུད་ལ་གསལ་བསྒྲགས་གནང་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།        རྒྱ་གར་གཞུང་གིས་ཟླ་བ་སྔོན་མའི་ནང་ཀྲིག་ཀྲོག་དང་སྐད་འཕྲིན་གཙོས་པའི་རྒྱ་མིའི་སྤྱི་ཚོགས་དྲ་ལམ་ཁག་གིས་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་སོགས་ལ་ཉེན་ཁ་བཟོ་ཡི་ཡོད་པའི་རྒྱུ་མཚན་དྲངས་ནས་རྒྱ་ནག་གི་མཉན་ཆས་ཁག་མི་འདྲ་བ་༥༩་དམ་བསྒྲགས་བཀག་སྡོམ་གནང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎