སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་གནང་རྒྱུ།


2015.10.17
༢༠༡༦ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་གནང་རྒྱུ། བཞུགས་སྒར་དུ་༢༠༡༠ལོར་འོས་བསྡུ་གནང་སྐབས་ཀྱི་འདྲ་པར།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།

༄༅། །སང་ཉིན་ཕྱི་ཟླ་ ༡༠་ཚེས་ ༡༨ གཟའ་ཉི་མའི་ཉིན་བཙན་བྱོལ་ནང་ཡོད་པའི་བོད་པ་གནས་ཡུལ་གྱི་ས་གནས་ ༩༡ གྱི་ནང་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་བྱེད་ཀྱི་ཡོད་ཅིང་།  དེ་ཡང་གཙོ་བོ་རྒྱ་གར་དང་བལ་ཡུལ། འབྲུག། དེ་བཞིན་ཨ་མི་རི་ཀ་དང་ཀེ་ན་ཌ། ཡོ་རོབ་གྱི་ཡུལ་གྲུ་ཁག། ཨའོསི་ཊརེ་ལི་ཡ་དང་ཉེ་ཧོང་། ཐེ་ཝན་སོགས་ཀྱི་ནང་བོད་མིའི་དཔྱའ་ཁྲལ་ལག་དེབ་ཡོད་པའི་ཐོག་འོས་བསྡུ་དེབ་སྐྱེལ་ཟིན་པའི་བོད་མི་ཚོས་འོས་འཕེན་རྒྱུ་ཡིན་པ་རེད།
དབུས་འོས་བསྡུ་ལས་ཁང་གིས་སྤེལ་བའི་གསལ་བསྒྲགས་ཤིག་གི་ནང་། ༢༠༡༥ ལོར་འོས་བསྡུའི་དེབ་སྐྱེལ་ཐོ་འགོད་བྱས་པ་བཙན་བྱོལ་བོད་མི་བརྒྱད་ཁྲི་བདུན་སྟོང་ལྷག་བྱུང་འདུག་ཅིང་། དེ་ནི་ཕྱི་ལོ་ ༢༠༡༡ ལོར་འོས་བསྡུ་དེབ་སྐྱེལ་བྱས་པ་ལས་བཞི་སྟོང་གསུམ་བརྒྱ་ཙམ་གྱི་མང་བ་ཡིན་འདུག།
སང་ཉིན་གཟའ་ཉི་མའི་ཉིན་སྔོན་འགྲོའི་འོས་བསྡུ་བྱེད་པ་དེའི་ཐོག་ནས་ ༢༠༡༦ ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གཏན་འཁེལ་ཡོང་རྒྱུ་ཡིན་ཞིང་། ཐེངས་འདིའི་སྲིད་སྐྱོང་གི་འོས་མིར་བཞེངས་རྒྱུ་དངོས་སུ་གསལ་བསྒྲགས་གནང་མཁན་ད་ལྟའི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་འགན་འཛིན་བཀྲིས་དབང་འདུས་ལགས། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ཨ་ཚོགས་ཀླུ་ཁར་བྱམས་ལགས། བཀྲིས་སྟོབས་རྒྱལ་ལགས་བཅས་བྱུང་ཞིང་། འོན་ཀྱང་སྔོན་འགྲོའི་འོས་བསྡུའི་ནང་ཁོང་ལྔ་ཙམ་མིན་པར་སྲིད་སྐྱོང་གི་འོས་མིར་འོས་ཆོས་ཚང་བའི་བོད་མི་སུ་འདྲ་ཞིག་ལ་ཡང་འོས་འཕེན་ཆོག་གི་ཡོད་པ་རེད།  ཡང་སྤྱི་འཐུས་ལ་ཆོལ་ཁ་རེ་ནས་མི་བཅུ་རེ་དང་དེའི་ཁོངས་སུ་ངེས་པར་བེུད་གཉིས་ལ་འོས་འཕེན་དགོས་ཀྱི་ཡོད་ཅིང་། བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཆོས་ལུགས་ཀྱི་སྤྱི་འཐུས་གཉིས་རེ། ཨ་མི་རི་ཀའི་སྤྱི་འཐུས་གཉིས། ཡོ་རོབ་ཀྱི་སྤྱི་འཐུས་གཉིས།  དེ་ནས་ཨའོསི་ཊརེ་ལ་ཡ་དང་། ནིའུ་ཛེ་ལེནཌ། ཐེ་ཝན་དང་ཉེ་ཧོང་ཁུལ་སོགས་ནས་སྤྱི་འཐུས་གཅིག་བཅས་ལ་འོས་ཤོག་འཕེན་དགོས་ཀྱི་ཡོད་པ་རེད།
གཤམ་ལ་བཞུགས་སྒར་རྡ་རམ་ས་ལ་ནས་འོས་བསྡུའི་གནད་དོན་དང་འབྲེལ་བའི་སྐོར་ཨུ་རྒྱན་བསྟན་འཛིན་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བ་ཞིག་གསན་གནང་གི་རེད།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

འོས་བསྡུ་དང་འབྲེལ་བའི་སྐོར་གཤམ་འདི་གའི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བཞུགས་སྒར་རྡ་རམ་ས་ལ་ནས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎


གསར་འགོད་པ་ཨོ་རྒྱན་བསྟན་འཛིན།

ཡང་དེ་རིང་གི་གནད་དོན་གླེང་མོལ་གྱི་ལེ་ཚན་ནང་དུ། འོས་བསྡུའི་སྒྲིག་གཞི་དང་འོས་བསྡུ་བྱ་ཕྱོགས་དེ་བཞིན་མི་མང་གི་དོ་སྣང་གནང་ཕྱོགས་སོགས་ཕྱོགས་མང་པོ་ཞིག་གི་གནད་དོན་ཐོག་ལ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས་ལགས་ཀྱིས་འབྲེལ་ཡོད་མི་སྣ་ཁག་དང་ལྷན་དུ་གླེང་མོལ་གནང་བར་གསན་རོགས་ཞུ༎


གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎