བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོ་རྒོལ་ལས་འགུལ་སྐོར།

རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་མུ་འཐུད་སྤེལ་བཞིན་ཡོད་པ་རེད།

2008.08.19

༄༅༎རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་མུ་འཐུད་སྤེལ་བཞིན་ཡོད་པ་དང་ ལས་འགུལ་འདི་ནི་ཕྱི་ཟླ་བདུན་པའི་ཟླ་མཇུག་ནས་འགོ་བཙུགས་པའི་ མི་དམངས་མདུན་བསྐྱོད་ཆེན་མོའི་ལས་འགུལ་ཞེས་པ་དེའི་ཆ་ཤས་ཤིག་ཡིན་ཞིང་ དེ་རིང་གཟའ་མིག་དམར་ཉིན་བོད་མི་གསུམ་བརྒྱ་སྐོར་ཞིག་གིས་ རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ས་གནས་ རམ་ལི་ལ་ཞེས་པ་ནས་ཇན་ཏར་མན་ཏར་བར་ངོ་རྒོལ་གྱི་འབོད་ཚིག་སྒྲོགས་པ་དང་ ལག་ཏུ་བོད་རང་བཙན་གྱི་འཕྲེད་དར་སོགས་འཁྱེར་སྟེ་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་འདུག མི་དམངས་མདུན་བསྐྱོད་ཆེན་པོ་ཞེས་པའི་ལས་འགུལ་འདི་ རྒྱ་ནག་ཏུ་ཨོ་ལིམ་པིག་གི་རྩེད་འགྲན་མཇུག་མ་བསྒྲིལ་བར་སྤེལ་རྒྱུ་ཡིན་པ་རེད་

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་ རྒྱ་ནག་གིས་ཨོ་ལིམ་པིག་འདི་དགའ་སྤྲོའི་ངང་ཚུགས་བཞིན་པ་དུས་མཚུངས་ བོད་ནང་བོད་མི་སྟོང་ཕྲག་མང་པོ་དཀའ་སྡུག་མྱོང་བཞིན་ཡོད་པར་མ་ཟད་ བོད་མིའི་འཐབ་རྩོད་འདི་ནི་རྒྱལ་ཁབ་ཅིག་གི་འཐབ་རྩོད་ཡིན་པ་དང་ རྒྱལ་ཁབ་དེ་དང་དེའི་ནང་གི་མི་རིགས་གཉིས་ཀ་རྩ་མེད་དུ་འགྲོ་རྒྱུའི་ཉེན་ཁའི་མཚམས་སུ་སླེབས་པའི་ཛ་དྲག་གི་གནས་སྟངས་དེ་མདུན་དུ་འདོན་ཐབས་བྱས་སྟེ་ ཇི་སྲིད་དུ་འཛམ་གླིང་འདིའིའ་ནང་བོད་མི་གཅིག་ལས་མ་ལྷག་པའི་དུས་ཚོད་ཅིག་སླེབས་ཀྱང་ བོད་མི་དེས་བོད་སྐྱོབ་རྒྱུར་འཐབ་རྩོད་བྱེད་ཀྱི་རེད་ཅེས་གསུངས་འདུག

ལྡི་ལིའི་ནང་བོད་མི་དྲུག་གིས་བཟའ་བཏུང་མི་བྱེད་པའི་ཟས་བཅད་ངོ་རྒོལ་གནང་བཞིན་ཡོད་པ་དང་ དེ་རིང་ཉི་མ་བཞི་པ་ཡིན་ཞིང་ ལས་འགུལ་འདིའི་ནང་ཞུགས་མཁན་ལོ་ན་བཅུ་དགུར་སོན་པའི་ ཐུབ་བསྟན་ཚེ་དབང་ལགས་ཀྱིས་ ངས་དཀྲེས་སྐོམས་དང་ན་ཟུག་ལ་སོགས་པ་གང་ཡང་ཚོར་ཐུབ་ཀྱི་མིན་འདུག འོན་ཀྱང་རང་ཉིད་ཀྱི་ཕ་ཡུལ་སྐྱོབས་ཐབས་དང་ བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་རང་ཉིད་ལས་འགུལ་འདིའི་ནང་བློས་གཏོང་གྱིས་ཞུགས་པ་ཡིན་ཞེས་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎