ཐ་སྙད་འཚོལ་བཤེར་གྱི་དྲ་ཚིགས་གསར་པ་དབུ་འབྱེད།


2018.05.01
ཐ་སྙད་འཚོལ་བཤེར་གྱི་དྲ་ཚིགས་གསར་པ་དབུ་འབྱེད། ཐ་སྙད་འཚོལ་བཤེར་གྱི་དྲ་ཚིགས་གསར་པ་དབུ་འབྱེད་གནང་སྐབས།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན། བསྟན་འཛིན་དོན་ཡོད།

ཕྱི་ཟླ་༥ཚེས་༡ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་ལས་འཆར་ཚན་པས་དྲྭ་ཚིགས་དང་བརྡ་ཆད་དེབ་ཕྲེང་༡༡དབུ་འབྱེད་ཀྱི་མཛད་སྒོ་ཞིག་བཞུགས་སྒར་རྡ་རམ་ས་ལའི་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་གནང་ཡོད་པ་དང་།  མཛད་སྒོའི་ཐོག་ཕེབས་པའི་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་དང་ཤེས་རིག་དྲུང་ཆེ་སོགས་ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་ལས་འཆར་ཚན་པའི་འབྲེལ་ཡོད་ལས་བྱེད་སོགས་ཚོགས་བཞུགས་གནང་ཡོད་ཅིང་།   མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་མཆོག་གིས་གསུང་བཤད་གནང་བའི་ནང་།  རྩ་བའི་བོད་སྐད་ནང་ཐ་སྙད་མང་པོ་ཞིག་སྔོན་མ་ནས་ཡོད་ཀྱང་།  རྒྱུན་དུ་བཀའ་མོལ་གནང་སྐབས་བོད་སྐད་ནང་ཡོད་པའི་ཐ་སྙད་མི་ཉུང་བ་ཞིག་བེད་སྤྱོད་གཏོང་གི་མེད་པ་དང་།  དེ་བཞིན་ང་ཚོའི་སྤྱི་ཚོགས་ནང་ཁོར་ཡུག་དང་འཚོ་བ་སྐྱེལ་སྟངས།  སློབ་སྦྱོང་གི་ཁ་ཕྱོགས་སོགས་ལ་བརྟེན་ནས་གློག་ཀླད་དང་། འཕྲུལ་ཆས་སྔོ་ཚལ་དང་འབྲེལ་བའི་ཐ་སྙད་མང་པོ་ཞིག་མེད་པར་བརྟེན།  དེ་དང་འབྲེལ་བའི་ཐ་སྙད་མང་པོ་ཞིག་ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་ལས་འཆར་ཚན་པས་གཏན་འབེབས་གནང་བཞིན་ཡོད་པ་དང་།  གཏན་འབེབས་བྱུང་བའི་ཐ་སྙད་དེ་དག་བེད་སྤྱོད་བྱ་རྒྱུ་དེ་ང་ཚོའི་ལས་འགན་ཞིག་ཡིན་པར་བརྟེན།  བོད་སྐད་ནང་ཐ་སྙད་ཡོད་པ་ཁག་བེད་སྤྱོད་གང་ཐུབ་གཏོང་དགོས་པའི་ཁར་བོད་པ་ནང་ཁུལ་བཀའ་མོལ་གནང་བའི་སྐབས་སུའང་བོད་སྐད་གཙང་མ་བེད་སྤྱོད་གནང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་འབོད་སྐུལ་ཡང་གནང་འདུག   བརྡ་ཆད་ལས་འཆར་ཚན་པའི་རྩོམ་སྒྲིག་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བརྡ་ཆད་དེབ་ཕྲེང་དབུ་འབྱེད་མཛད་སྒོའི་ཐོག་བརྡ་ཆད་ལས་འཆར་ཚན་པའི་དྲྭ་ཚིགས་དང་བརྡ་ཆད་དེབ་ཕྲེང་༡༡པའི་གལ་འགངས་རང་བཞིན་དང་རྒྱབ་ལྗོངས་སོགས་ངོ་སྤྲོད་ཡང་གནང་ཡོད་པ་རེད།
གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎