ཨི་ཊ་ལིའི་ནང་ཨེ་ཤེ་ཡའི་རིག་གཞུང་གི་འགྲེམས་སྟོན།
2010.11.02
༄༅༎ད་རེས་ཨི་ཊ་ལིའི་ཊསི་ཁ་ནི་མངའ་སྡེའི་ཁེ་རེ་ར་གྲོང་ཁྱེར་གྱི་ནང་ཨེ་ཤེ་ཡའི་རིག་གཞུང་གི་འགྲེམས་སྟོན་ཞིག་གནང་ཡོད་པ་དེའི་སར་བོད་ཀྱི་རིག་གཞུང་ཐེ་བའི་རྒྱ་གར། རྒྱ་ནག་དང། དེ་བཞིན་ཉི་ཧོང། ཐེ་ལན་ཌེ། ཨིན་ཌོ་ནི་ཤི་ཡ། ཕྷི་ལི་པིན། ཀོ་རི་ཡ། བྷེ་ཌེ་ནམ།སོགས་ཨེ་ཤེ་ཡའི་ཡུལ་གྲུ་འདྲ་མིན་གྱི་རིག་གཞུང་འགྲེམས་སྟོན་བྱས་ཡོད་པ་རེད།
ཨི་ཊ་ལིའི་གྲོང་ཁྱེར་མི་ལ་ན། ནང་ཡོད་པའི་བོད་ཁང་གི་འགན་འཛིན་རྟ་མགྲིན་ཆོས་འཕེལ་ལགས་ཀྱིས་བོད་ཀྱི་དངོས་རྫས་འགྲེམས་སྟོན་གཙོ་བོར་གནང་ཡོད་པ་དང་དེ་དང་ཕྱོགས་མཚུངས་སུས་སིར་བཅའ་བཞུགས་བོད་གཞུང་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་འགྲུབ་ལགས་ཀྱིས་ཀྱང་རིག་གཞུང་འགྲེམས་སྟོན་དེའི་སར་བོད་ཀྱི་ཐོུང་མ་ཡིན་པའི་བོད་ཀྱི་ཆོས་དང་རིག་གཞུང་དང་དེ་བཞིན་བོད་ནང་གི་བོད་མིའི་གནས་སྟངས་སོགས་སྐོར་འགྲེལ་བརྗོད་གནང་བ་དང་མ་ཟད་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཆེད་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཡང་ཞུས་གནང་ཡོད་པའི་གནས་ཚུལ་ཐོན་བཞག།