བོད་པའི་ཁྱིམ་ཚང་ཞིག་ལ་ཁེ་ན་ཌའི་སྤྱི་ཚོགས་ཞབས་ཞུའི་བྱས་རྗེས་གཟེངས་བསྟོད་ཀྱི་བྱ་དགའ་ཐོབ་འདུག

2024.03.04
བོད་པའི་ཁྱིམ་ཚང་ཞིག་ལ་ཁེ་ན་ཌའི་སྤྱི་ཚོགས་ཞབས་ཞུའི་བྱས་རྗེས་གཟེངས་བསྟོད་ཀྱི་བྱ་དགའ་ཐོབ་འདུག བོད་པའི་ཁྱིམ་ཚང་ཞིག་ལ་ཁེ་ན་ཌའི་སྤྱི་ཚོགས་ཞབས་ཞུའི་བྱས་རྗེས་གཟེངས་བསྟོད་ཀྱི་བྱ་དགའ་ཐོབ་སྐབས། ༡༢།༠༧།༢༠༢༣
CTA

དེ་ཡང་ཁེ་ན་ཌའི་(Ontario)་ཡི་ས་གནས་(Lindsay)་ནང་གནས་སྡོད་བྱེད་མཁན་རབ་རྒྱས་ཁྱིམ་ཚང་གི་སྤྱི་ཚོགས་ཞབས་ཞུའི་བྱས་རྗེས་ལ་༢༠༢༣་ལོའི་ཕྱི་ཟླ་༡༢་པའི་ཚེས་༧་ཉིན་ཁེ་ན་ཌའི་སྤྱི་ཁྱབ་ལྕམ་(Mary Simon)་ལགས་ཀྱིས་གཟེངས་བསྟོད་བྱ་དགའ་ཞིག་གནང་ཡོད་པ་དང་། དེའི་ཐད་རབ་རྒྱས་ལགས་ཀྱི་བུ་མོ་བཀྲ་ཤིས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཉེ་ཆར་རབ་རྒྱས་ཁྱིམ་ཚང་གི་ནང་མི་ཕ་མ་གཉིས་དང་བུ་མོ་གཉིས་བཅས་བཞི་བོར་ཁེ་ཎ་ཌའི་ནང་གི་བྱ་དགའ་དེ་ཐོབ་པའི་རྒྱུ་མཚན་ནི། ཁོང་རྣམས་ཀྱིས་མི་ཚེའི་དུས་ཡུན་རིང་པོའི་རིང་བོད་ནང་དུ་ཤེས་ཡོན་དང་འཕྲོད་བསྟེན་སོགས་སྤྱི་ཚོགས་ལ་ཕན་པའི་ལེགས་སྐྱེས་ཀྱི་ཞབས་འདེགས་བསྒྲུབ་པ་དང་། དམིགས་བསལ་མ་གཅིག་ཞེས་པའི་ཚོགས་པ་བཙུགས་ཏེ་ཁེ་ན་ཌའི་(Ontario)་ཡི་(Lindsay)་ས་གནས་དང་བྱང་ཨ་མི་རི་ཀའི་ནང་གི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གཞན་ལ་དམིགས་དཔེ་འོས་ཅིང་གསར་གཏོད་ཀྱི་རང་བཞིན་ལྡན་པའི་ལེགས་སྐྱེས་ཕུལ་བར་ངོས་འཛིན་གནང་ཡོད་པ་རེད་འདུག
བྱ་དགའ་དེ་ནི་ཁེ་ན་ཌའི་མི་སེར་ཞིག་ལ་ཐོབ་པའི་བྱ་དགའ་མཐོ་ཤོས་ཤིག་ཡིན་པ་དང་། ཁེ་ན་ཌའི་གཞུང་ལ་སྤོབས་པ་དང་གཟི་བརྗིད་འོས་པའི་སྤྱི་ཚོགས་ཀྱི་ཞབས་ཞུའི་ལས་དོན་ཐད་བྱས་རྗེས་ཅན་མི་སྒེར་པ་ལ་སྤྲོད་སྲོལ་ཡོད་པ་རེད་འདུག
རབ་རྒྱས་ལགས་ཀྱི་བུ་མོ་བཀྲ་ཤིས་ལགས་ཀྱིས་མུ་མཐུད་དུ་གསུངས་ན། སྤྱིར་ཁེ་ཎ་ཌའི་ནང་བྱ་དགའ་འདྲ་མིན་ཡོད་པའི་ཁྲོད་ནས། གོང་བརྗོད་ཀྱི་བྱ་དགའ་དེ་ནི་བྱ་དགའ་དེ་སྤྲོད་འོས་ས་ཞིག་མི་གཞན་གྱིས་སྙན་ཞུ་འོས་སྦྱོར་བྱས་བའི་རྗེས་འབྲེལ་ཡོད་ཚོས་ལོ་གཅིག་ལྷག་རིང་ཞིབ་འཇུག་གནང་བ་བརྒྱུད་ཐག་གཅོད་གནང་གི་ཡོད་པ་རེད་འདུག་ལ། ད་ཐེངས་རབ་རྒྱས་ཚང་ཡང་མི་གཞན་གྱིས་སྙན་ཞུ་འོས་སྦྱོར་གནང་བ་བརྒྱུད་བྱ་དགའ་དེ་ཐོབ་པ་ཡིན་འདུག


གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎