རྒྱ་ནག་གཞུང་གིས་བོད་ཀྱི་འཁྱག་རོམ་གྱི་ཆུ་ཏུན་ཆིག་སྟོང་ལྔ་བརྒྱ་མཱ་དྷེ་ཧྥིསི་རྒྱལ་ཁབ་ལ་ཞལ་འདེབས་སྤྲད་འདུག

2024.03.28
རྒྱ་ནག་གཞུང་གིས་བོད་ཀྱི་འཁྱག་རོམ་གྱི་ཆུ་ཏུན་ཆིག་སྟོང་ལྔ་བརྒྱ་མཱ་དྷེ་ཧྥིསི་རྒྱལ་ཁབ་ལ་ཞལ་འདེབས་སྤྲད་འདུག རི་བོ་ཇོ་མོ་གླང་མའི་རི་རྒྱུད་ཀྱི་གངས་རིའི་འཁྱག་རོམ། ༢༠༡༠།༡༠།༢༩
Lhuboom/RFA

དེ་ཡང་རྒྱ་གར་གྱི་(The Ecomomic Times)་ཞེས་པའི་དཔལ་འབྱོར་དུས་བབ་གསར་ཤོག་ཐོག་གནས་ཚུལ་སྤེལ་བའི་ནང་། ལྷོ་ཨེ་ཤེ་ཡའི་གླིང་ཕྲན་རྒྱལ་ཁབ་མཱ་དྷེ་ཧྥིསི་(Maldives)་ནང་འཐུང་ཆུ་མི་འདེངས་པའི་དཀའ་ངལ་ཚབས་ཆེ་འཕྲད་བཞིན་ཡོད་པར་བརྟེན་ནས། རྒྱ་ནག་གཞུང་གིས་བོད་ནང་གི་འཁྱག་རོམ་གྱི་ཆུ་ཁྱོན་དབྱིན་སྐད་དུ་(Tonne)་འམ་ཏུན་ཆིག་སྟོང་ལྔ་བརྒྱ་ཞལ་འདེབས་རོགས་རམ་སྤྲད་ཡོད་པ་དང་། ད་རེས་བོད་ཀྱི་ཆུ་ཞལ་འདེབས་སྤྲད་པའི་གནས་ཚུལ་དེ་ནི་རྒྱ་ནག་གཞུང་གིས་(Maldives)་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་བཞིན་པའི་རྣམ་གྲངས་གྲས་ཤིག་དང་། དམིགས་བསལ་(Maldives)་ཡི་སྲིད་འཛིན་(Dr.Mohamed Muizzu)་ཡིས་ན་ནིང་༢༠༢༣ལོའི་ཕྱི་ཟླ་བཅུ་གཅིག་པའི་ནང་སྲིད་དབང་བཟུང་བའི་རྗེས་རོགས་རམ་བྱས་པ་ཞིག་ཡིན་པ་རེད།
རྒྱ་ནག་གཞུང་གིས་བོད་ཀྱི་འཁྱག་རོམ་ནས་བཏོན་པའི་འཐུང་ཆུ་(Maldives)་རྒྱལ་ཁབ་ལ་ཞལ་འདེབས་སྤྲད་པའི་གནས་ཚུལ་དེ་ནི་(Maldives)་གཞུང་གིས་གསལ་བསྒྲགས་བྱས་པ་དང་ཆབས་ཅིག་བོད་ནས་འཐུང་ཆུ་སྐྱེལ་འདྲེན་བྱས་པ་(Maldives)་ གླིང་ཕྲན་རྒྱལ་ཁབ་ནང་ལམ་ལྷོང་ལྡན་པའི་ངང་འབྱོར་བཞིན་ཡོད་པའི་སྐོར་གསལ་བསྒྲགས་བྱས་བ་དང་མཉམ། (Maldives)་རྒྱལ་ཁབ་ཀྱི་ཕྱི་སྲིད་ལྷན་ཁང་གིས་ཐག་གཅོད་དེ་ནི་ན་ནིང་༢༠༢༣ལོའི་ཕྱི་ཟླ་བཅུ་གཅིག་པའི་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་(Yan Jinhai)་གླིང་ཕྲན་རྒྱལ་ཁབ་(Maldives)་ནང་འཚམས་གཟིགས་སྐབས་(Maldives)་ཡི་སྲིད་འཛིན་(Mohamed Muizzu)་གཙོས་དཔོན་རིགས་རྣམས་དང་གོ་བསྡུར་བྱས་ཏེ་ཐག་གཅོད་བྱས་པ་ཞིག་ཡིན་ལུགས་བཀོད་འདུག
རྒྱ་ནག་གཞུང་གིས་(Maldives)་རྒྱལ་ཁབ་ལ་སྤྲད་པའི་བོད་ཀྱི་ཆུ་ནི་། བོད་ཀྱི་འཁྱག་རོམ་ནས་འཐུང་ཆུ་བཟོ་སྐྲུན་བྱས་པ་ཞིག་ཡིན་པ་དང་། བོད་ཀྱི་འཐུང་ཆུ་དེ་ནི་གཙང་མ་དང་དྭངས་གཙང་། སྨན་ཆུ་ལྟར་ས་འོག་གི་གཏེར་གྱི་ནུས་པ་ལྡན་པ་ཞིག་ཡིན་པ་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་བོད་ཀྱི་ས་ཁུལ་ནི། ཧ་ཅང་གི་སྤུས་ཚད་ལྡན་པའི་འཐུང་ཆུའི་ཐོན་ཁུངས་ཤིག་ཡིན་པ་དང་། (Maldives)་རྒྱལ་ཁབ་ལ་སྤྲད་པ་དེས་བོད་ཀྱི་འཐུང་ཆུའི་ཞལ་འདེབས་ཀྱི་རིན་ཐང་ཆེ་རུ་འགྲོ་རྒྱུ་ཡིན་པའི་སྐོར་བཀོད་འདུག


གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎