རྒྱ་ནག་གིས་ཁོར་ཡུག་གི་དཀའ་ངལ་གདོང་ལེན་བྱེད་པར་བོད་ཀྱི་ས་ཆ་བེད་སྤྱོད་བྱེད་བཞིན་པ་ཉམས་ཞིབ་པས་ངོས་འཛིན་གནང་གི་འདུག

2024.01.04
རྒྱ་ནག་གིས་ཁོར་ཡུག་གི་དཀའ་ངལ་གདོང་ལེན་བྱེད་པར་བོད་ཀྱི་ས་ཆ་བེད་སྤྱོད་བྱེད་བཞིན་པ་ཉམས་ཞིབ་པས་ངོས་འཛིན་གནང་གི་འདུག རྒྱ་ནག་གིས་ལྷོ་ཁ་ཕྱོགས་སུ་རླུང་ཤུགས་གློག་འདོན་ས་ཚིགས་བཙུགས་ཡོད་པ། ༢།༢༠༢༢
China Three Gorges Corporation (CTG)

དེ་ཡང་བོད་མཐོ་སྒང་གི་ས་མཐོའི་སྟེང་རྒྱ་ནག་གཞུང་གིས་འཛམ་གླིང་ནང་ནས་རླུང་ཤུགས་གློག་འདོན་ས་ཚིགས་མཐོ་ཤོས་འཛུགས་སྐྲུན་བྱ་རྒྱུའི་སྐོར་ཕྱི་ཟླ་དང་པོའི་ཚེས་༡རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་ཡོད་པ་རེད།
གནས་ཚུལ་ནང་རླུང་ཤུགས་གློག་འདོན་ས་ཚིགས་དེ་ནི། མཚོ་ངོས་ནས་མཐོ་ཚད་སྤྱི་ཁྲེ་སམ་མིས་ཊར་བཞི་སྟོང་དྲུག་རྒྱ་ལྔ་བཅུའི་སར་ཆགས་པའི་བོད་ཀྱི་ནག་ཆུ་ཁུལ་དུ་འཛུགས་འཆར་ཡིན་ཞིང་། དེ་ཁུལ་གྱི་རླུང་ཤུགས་ལས་གློག་(Kilowatt)་ས་ཡ་༢༠༠མཁོ་འདོན་ཐུབ་པའི་ས་ཚིགས་འཛུགས་སྐྲུན་བྱས་ཏེ་ཡོངས་སུ་འགྲུབ་པའི་རྗེས། ས་གནས་ཀྱི་དུད་ཁྱིམ་འབུམ་གཉིས་ལྷག་ལ་དགོས་ངེས་ཀྱི་ལོ་རེའི་གློག་མཁོ་འདོན་བྱ་ཐུབ་རྒྱུ་ཡིན་ལུགས་བཀོད་འདུག
དེའི་ཐད་བོད་ཀྱི་ཁོར་ཡུག་ཐད་ཉམས་ཞིབ་པ་དང་འབུམ་རམས་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་ནག་གཞུང་གིས། ཁོར་ཡུག་གི་དཀའ་ངལ་འཕྲད་སྐབས་བོད་ཀྱི་ས་ཆ་བེད་སྤྱོད་བཏང་ནས། བོད་ཆོལ་ཁ་གསུམ་ནང་ཆུ་ཤུགས་གློག་ཁང་དང་། ཉི་འོད་གློག་འདོན་ས་ཚིགས། རླུང་ཤུགས་གློག་འདོན་ས་ཚིགས་སོགས་མང་པོ་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དེ་དག་གིས་ས་གནས་བོད་མི་ཚོར་དེ་ཙམ་ཕན་ཐོགས་ཡོང་གི་མེད་པ་མ་ཟད། ས་གནས་བོད་མིར་ཐོབ་ཐང་མི་སྤྲོད་པ་དང་བརྩི་བཀུར་མི་བྱེད་པ། བོད་ཀྱི་རྩྭ་ཐང་ཁོར་ཡུག་ལ་གནོད་འཚེ་ཚབས་ཆེ་བ་ཐེབས་བཞིན་ཡོད་པ་ངོས་འཛིན་གནང་གི་འདུག
ཕྱོགས་མཚུངས་ཉེ་ཆར་བོད་ཀྱི་ལྷོ་ཁའི་ས་ཁུལ་ཞིག་ཏུ་རྒྱ་ནག་གཞུང་གིས་ཉི་འོད་གློག་འདོན་ས་ཚིགས་ཞིག་འཛུགས་སྐྲུན་གྱི་ལས་གཞི་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། ལས་གཞི་དེ་ཡིས་དུད་ཁྱིམ་བཞི་སྟོང་ལ་གློག་མཁོ་འདོན་བྱེད་ཐུབ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པའི་སྐོར་(WAM)་ཞེས་བའི་དཀྱིལ་ཤར་ཡུལ་གྲུའི་གསར་ལམ་ཞིག་གིས་གནས་ཚུལ་སྤེལ་འདུག


གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎