ཁེ་ན་ཌའི་གྲོས་ཚོགས་འཐུས་མི་གཉིས་ཀྱིས་བོད་མི་ཚོར་འགྲོ་བ་མི་ཡི་ཐོབ་ཐང་དང་འབྲེལ་བའི་ཁྲིམས་འཆར་གྱི་གལ་གནད་ངོ་སྤྲོད་གནང་འདུག

2023.05.25
ཁེ་ན་ཌའི་གྲོས་ཚོགས་འཐུས་མི་གཉིས་ཀྱིས་བོད་མི་ཚོར་འགྲོ་བ་མི་ཡི་ཐོབ་ཐང་དང་འབྲེལ་བའི་ཁྲིམས་འཆར་གྱི་གལ་གནད་ངོ་སྤྲོད་གནང་འདུག ཁེ་ན་ཌའི་གྲོས་ཚོགས་འོག་མའི་འཐུས་མི་གཉིས་ཀྱིས་བོད་མི་མང་ཤོས་གནས་ཡུལ་སྤག་ཌལ་ས་གནས་བོད་མི་ཚོ་ལ་རྒྱལ་སྤྱིའི་འགྲོ་བ་མི་ཡི་ཐོབ་ཐང་དང་འབྲེལ་བའི་ཁྲིམས་འཆར་ངོ་སྤྲོད་གཏམ་བཤད་གནང་རྗེས། ༠༥།༢༤།༢༠༢༣
ཨྱོན།/RFA

འདི་ཟླའི་ཚེས་༢༤ཉིན་ཁེ་ཎ་ཌའི་དབུས་གྲོས་ཚོགས་འོག་མིའི་འཐུས་མི་སྐུ་ཞབས་(Garnett Genius)་ལགས་དང་སྐུ་ཞབས་(Fillip Lawrence)་གཉིས་བོད་མི་མང་ཤོས་གནས་སྡོད་བྱེད་ཡུལ་ས་གནས་སྤག་ཌལ་སློབ་གྲྭའི་མདུན་ཐང་དུ་ཕེབས་ནས་བོད་མི་ཚོར་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་ཁོང་རྣམ་པ་གཉིས་ཀྱིས་ཁེ་ཎ་ཌའི་གྲོས་ཚོགས་ནང་གི་(C- 281 international human rights Act)་ཞེས་རྒྱལ་སྤྱིའི་འགྲོ་བ་མི་ཡི་ཐོབ་ཐང་དང་འབྲེལ་བའི་ཁྲིམས་འཆར་དེར་ས་གནས་བོད་མི་ཚོས་རྒྱབ་སྐྱོར་ཡོང་སླད་ངོ་སྤྲོད་གཏམ་བཤད་དང་། དེ་ཡི་གལ་གནད་སྐོར་གཏམ་བཤད་གནང་ཡོད་པ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྐལ་བཟང་ཕུན་ཚོགས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཁྲིམས་འཆར་དེའི་ཐད་གྲོས་ཚོགས་འོག་མའི་ནང་དུ་གྲོས་བསྡུར་ཐེངས་ཁ་ཤས་གནང་ཟིན་ཡོད་པ་དང་། མི་རིང་བའི་སྤྱི་ཟླ་དྲུག་པའི་ཚེས་བདུན་ནང་ཚུད་ལ་གྲོས་ཚོགས་ནང་ཐག་གཅོད་གནང་རྒྱུ་ཡིན་འདུག་ལ། གལ་སྲིད། ཁྲིམས་འཆར་དེ་གཏན་འབེབས་གནང་ཐུབ་ཚེ། དེ་བརྒྱུད་ནས་བོད་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས་སྤྱི་དང་གྲངས་འབོར། དེ་མིན་རྒྱ་ནག་དུ་བཅའ་སྡོད་ཁེ་ཎ་ཌའི་གཞུང་ཚབ་བརྒྱུད་འབྲེལ་བ་གང་གནང་ཡོད་་མེད་སོགས་་ལོ་རེར་ཁེ་ཎ་ཌ་གཞུང་ནས་སྙན་ཐོ་རེ་འདོན་དགོས་ཀྱི་ཡོད་པ་སོགས་གྲོས་ཚོགས་འཐུས་མི་གཉིས་ཀྱིས་གསུངས་ཡོད་པ་ཁེ་ཎ་ཌ་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
གྲོས་ཚོགས་འཐུས་མི་ཁོང་གཉིས་ཀྱིས་ཁྲིམས་འཆར་དེ་ཁེ་ཎ་ཌའི་ས་གནས་ཁག་ནང་ངོ་སྤྲོད་གནང་བཞིན་པ་ལྟར། ད་རེས་ས་གནས་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔ་ནས་ལྷག་དཀར་སྒོར་གཞས་ཉིན་མོ་དང་བསྟུན་བོད་མི་ཚོར་ངོ་སྤྲོད་ཀྱི་ཆེད་གོ་སྒྲིག་གནང་བ་ཞིག་ཡིན་པ་ཆབ་སྲིད་འབྲེལ་མཐུད་པ་གཡུང་དྲུང་བསྟན་འཛིན་ལགས་ཀྱིས་གསུངས་བྱུང་ལ། སྐབས་དེར་ས་གནས་བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་གྲོས་ཚོགས་འཐུས་མི་སྐུ་ཞབས་(Garnett Genius)་ལགས་ནས་བོད་རྒྱ་ཞི་མོལ་ཡོང་ཐབས་རྒྱབ་སྐྱོར་གྱི་ཁྲིམས་འཆར་བཏོན་ནས་ཁེ་ཎ་ཌའི་གྲོས་ཚོགས་འོག་མའི་ནང་ཆབ་སྲིད་ཚོགས་པ་ཚང་མས་རྒྱབ་སྐྱོར་ཐོབ་པ་བྱུང་བར་འཐུས་མི་གཉིས་ལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་འདུག


གསར་འགོད་པ། ཨྱོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎