༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།

རྒྱ་གར་ལྷོ་ཕྱོཌ་གདན་ས་ཁག་དང་ས་གནས་མི་དམངས་ཀྱིས་ལོ་གསར་ཚེས་གཅིག་ཉིན་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ།

2009.02.25

༄༅༎ཁ་ས་བོད་ས་གླང་ལོའི་ལོ་གསར་ཚེས་གཅིག་ཉིན་མོ་དེར་ལྷོ་ཕྱོགས་ཁུལ་གྱི་གདན་ས་སེར་འབྲས་དགའ་གསུམ་གྱི་གྲྭ་ཚང་ཁག་དྲུག་དང་བོད་མིའི་གཞིས་ཆགས་ཁག་གི་སྤྱི་མཐུན་མཉམ་འབྲེལ་དང་སྦེ་ལ་ཀུ་པི་གཞིས་ཆགས་གསར་རྙིང་གཉིས་ཀྱི་སེར་སྐྱ་མི་དམངས་བཅས་སྡེ་ཁག་གསུམ་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པར་བརྟེན་པའི་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་༸གོང་ས་མཆོག་སྐུ་ཁམས་ཡག་པོ་ཡོད་པ་དང་སྐུ་ཚེ་ཡུན་རིང་བརྟན་རྒྱུའི་ཞལ་བཞེས་གནང་འདུག

རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀུ་པི་སེ་ར་བླ་སྤྱིར་དད་ལྡན་སེར་སྐྱ་མི་དམངས་ཕོན་ཆེ་ཞིག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་དབང་བསྩལ་གྲུབ་པའི་རྗེས་གདན་ས་ཁག་དང་ས་གནས་མི་དམངས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎