༸གོང་ས་མཆོག་ཨ་རུ་ན་ཅཱལ་ཁུལ་དུ་ཆིབས་བསྒྱུར་གནང་གཏན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རུ་ན་ཅཱལ་མངའ་ཁུལ་དུ་ཆིབས་བསྒྱུར་གནང་གཏན་འཁེལ་ཡོད་འདུག

2009.10.22

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རུ་ན་ཅཱལ་མངའ་ཁུལ་དུ་ཆིབས་བསྒྱུར་གནང་གཏན་འཁེལ་ཡོད་འདུག

བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཤར་ཨ་རུ་ན་ཅཱལ་མངའ་སྡེའི་ནང་ཆིབས་བསྒྱུར་གནང་འཆར་ཡོད་པའི་སྐོར་ཕྱི་ཟླ་དགུ་པའི་ནང་ནས་གསར་འགྱུར་བརྒྱུད་ལམ་ཁག་ནང་ཐོན་པ་མ་ཟད་རྒྱ་ནག་གཞུང་ནས་དེར་སྐྱོན་བརྗོད་ཀྱང་ཞུས་ཡོད་རེད། ཡིན་ནའང་རྒྱ་གར་གཞུང་གི་འབྲེལ་ཡོད་རྣམ་པས་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་རྒྱ་གར་ནང་འདས་པའི་ལོ་ངོ་ལྔ་བཅུའི་རིང་སྐུ་མགྲོན་གྱི་ཚུལ་དུ་བཞུགས་ཡོད་པ་དང་ལྷག་པར་དུ་འཛམ་གླིང་ནང་གུས་བརྩིར་འོས་པའི་ཆོས་ཕྱོགས་ཀྱི་དབུ་འཁྲིད་ཅིག་ཀྱང་ཡིན་སྟབས་རྒྱ་གར་གྱི་ས་ཕྱོགས་གང་དུ་ཕེབས་ཀྱང་དགག་ཆ་ཡོད་མ་རེད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།

གང་ལྟར་དེ་རིང་ཚེས་ཉི་ཤུ་ཉིན་ཨེ་ཨེཕ་པི་གསར་འགྱུར་ལས་ཁང་ལ་སྐུ་སྒེར་ཡིག་ཚང་ནས་གནས་ཚུལ་ངོ་སྤྲོད་གནང་བར་ལྟར་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན་ཨ་རུ་ན་ཅཱལ་མངའ་སྡེའི་ནང་ཆིབས་བསྒྱུར་གནང་ནས་ཁུལ་དེར་བདུན་ཕྲག་གཅིག་ཙམ་རིང་བཞུགས་བཞག་གནང་རྒྱུ་དང་དད་ལྡན་མང་ཚོགས་ལ་ཆོས་འབྲེལ་གནང་རྒྱུ་དང་དེ་བཞིན་སྨན་ཁང་གསར་པ་ཞིག་དབུ་འབྱེད་གནང་རྒྱུ་བཅས་ཀྱི་མཛད་འཆར་ཡོད་འདུག

དེའི་གོང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་ཐེངས་གསུམ་ཙམ་ཆིབས་བསྒྱུར་གནང་མྱོང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎