འབྲས་ལྗོངས་ཡུལ་མི་ཚོར་ཐུགས་གསོའི་འཚམས་འདྲི།
2011.09.20
༄༅༎༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས། ཉེ་ཆར་རྒྱ་གར་བྱང་ཤར་འབྲས་ལྗོངས་གཙོས་ཧི་མ་ལ་ཡའི་རི་བརྒྱུད་དུ་ས་ཡོམ་གྱི་གོད་ཆགས་བྱུང་བར་སེམས་གསོའི་འཚམས་འཕྲིན་བསྩལ་གནང་མཛད་འདུག།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་གྱི་མཚན་ཐོག་ཐུགས་གསོའི་འཚམས་འཕྲིན་ཞིལ་སྩལ་གནང་མཛད་ཡོད་པ་དེའི་ནང་། ངས་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་ས་ཁུལ་ཁག་དང་ལྷག་པར་དུ་འབྲས་ལྗོངས་ཁུལ་ཉེ་ཆར་ས་ཡོམ་གྱིས་རྐྱེན་པས་མི་རྒྱུ་གཉིས་ལ་གོད་ཆགས་ཕོགས་པའི་གནས་ཚུལ་ཤེས་རྟོགས་བྱུང་བར་བློ་ཕམ་བྱུང་། ཉེ་ཆར་གྱི་ས་ཡོམ་འདི་ནི་ཉེ་བའི་དུས་ཀྱི་ས་ཁུལ་དེའི་ནང་བྱུང་བའི་ས་ཡོམ་མགུལ་ཚད་ཆེ་ཤོས་ཤིག་ཡིན་པ་འགྲེལ་བརྗོད་བྱེད་བཞིན་པ་དེའི་འོག་རྐྱེན་ངན་བྱུང་བའི་ནང་མི་ཚོར་ངོས་ནས་སྨོན་ལམ་དང་སེམས་གསོ་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་བཀའ་གནང་འདུག།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཏཱ་ལའི་བླ་མའི་ཐེབས་རྩ་ཁང་ནས། ས་ཡོམ་གྱི་གོད་ཆགས་ཕོགས་པའི་ས་ཁུལ་ཁག་གི་ནང་ཉེན་སྐྱོབ་ལས་དོན་ཆེད། རྒྱ་གར་གྱི་སྒོར་མོ་འབུམ་ལྔ་གསོལ་བསྩལ་གནང་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འབྲས་ལྗོངས་ཁུལ་གྱི་ཆིབས་བསྒྱུར་མཐའ་མ་དེ་སྔ་ལོ་ཕྱི་ཟླ་བཅུ་གཉིས་པའི་ནང་གནང་ཡོད་པ་རེད།།