༸གོང་ས་མཆོག་ནས་བོད་མི་སློབ་གྲ་བར་ལམ་སྟོན་བཀའ་སློབ།

༸གོང་ས་མཆོག་གིས་བཞུགས་སྒར་རྡ་སྟེང་བོད་ཕྲུག་ཁྱིམ་སྡེར་བོད་པའི་སློབ་ཕྲུག་ན་གཞོན་ཚོར་དམིགས་བསལ་ལམ་སྟོན་བཀའ་སློབ་བསྩལ་བ།

2010.06.02

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་སྟེང་བོད་ཕྲུག་ཁྱིམ་སྡེར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནས་ཆེད་བཅར་ཞུས་པའི་བོད་པའི་སློབ་ཕྲུག་གཙོ་བོར་གྱུར་བའི་ནང་ཆོས་ལ་དོན་གཉེར་གནང་མཁན་ཕྱི་ནང་སེར་སྐྱ་མང་ཚོགས་ལ་ཉིན་གཉིས་རིང་གི་ཆོས་འབྲེལ་གནང་ཡོད་པ་དང༌། དེ་རིང་དངོས་གཞིའི་ཆོས་འབྲེལ་གྲུབ་མཚམས་བོད་པའི་སློབ་ཕྲུག་ན་གཞོན་ཚོར་དམིགས་བསལ་ལམ་སྟོན་བཀའ་སློབ་བསྩལ་གནང་མཛད་འདུག།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་གཞོན་སྐྱེས་མི་རབས་རྣམས་ལ་དམིགས་བསལ་ལས་འགན་ཡོད་པ་ངོ་སྤྲོད་གནང་བ་དང་འབྲེལ། བོད་ཀྱི་གནད་དོན་དེ་ནི་བོད་མི་རིགས་ཀྱི་བདེན་དོན་འཐབ་རྩོད་ཅིག་ཡིན་པ་དང༌། འཐབ་རྩོད་ཀྱི་བརྒྱུད་རིམ་ནང་མི་ཐོག་ལ་བརྗེ་འགྱུར་འགྲོ་གི་ཡོད་པ་དང༌། མི་རབས་བགྲེས་པ་ཁག་ཅིག་རིམ་པས་རྫོགས་འགྲོ་གིན་ཡོད་པའི་སྐབས་འདིར། བོད་རིགས་གཞོན་སྐྱེས་ཚོར་

མི་རབས་རྒན་པའི་མཇུག་འཐུད་ཡག་གི་ལས་འགན་དམིགས་བསལ་ཡོད་སྐོར་དྲན་བསྐུལ་གནང་འདུག་།

དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ ལོ་ངོ་སྟོང་ཕྲག་མང་པོའི་བོད་མི་རིགས་ཀྱི་འཕེལ་རིམ་ལོ་རྒྱུས་ནང༌། ད་ལྟའི་དུས་ཚོད་དེ་གཉན་འཕྲང་ཅན་ཞིག་ཆགས་ཡོད་སྐོར་བཀའ་གནང་སྟེ། འཛམ་གླིང་འདིའི་སྟེང་སངས་རྒྱས་ཀྱི་བསྟན་པ་ཆ་ཚང་བ་ཞིག་འཛིན་སྐྱོང་སྤེལ་གསུམ་གནང་ཐུབ་ཡག་ལ་བོད་མི་རིགས་འཚོ་གནས་ཐུབ་ཡག་དེ་ཧ་ཅང་གལ་ཆེ་ཡིན་སྟབས་བོད་མི་རིགས་ཀྱི་བདེན་དོན་གསལ་ཡག་དེ་སངས་རྒྱས་ཀྱི་བསྟན་པ་དང་འབྲེལ་བ་ཡོད་པ་ཞིག་ཡིན་སྐོར་བཀའ་གནང་སྟེ། བོད་པའི་ན་གཞོན་ཚོས་བོད་ཀྱི་གཉན་འཕྲང་ཅན་གྱི་དུས་ཚོད་དེ་ལས་གྲོལ་ཐུབ་ཐབས་སུ་དམིགས་བསལ་ལས་འགན་འཁྱེར་དགོས་རྒྱུ་དང༌། རིམ་པས་བོད་དོན་བདེན་མཐའ་གསལ་རྗེས། མ་འོངས་གཞིས་བྱེས་མཉམ་འཛོམས་བྱུང་སྐབས་ དེང་རབས་དང་མཐུན་པའི་བོད་པའི་སྤྱི་ཚོགས་ཞིག་དང་དེང་དུས་དང་མཐུན་པའི་མི་སྡེ་ཞིག་འཛུགས་སྐྲུན་ཐུབ་རྒྱུར། བོད་ཀྱི་སྐད་ཡིག་གཞི་ལ་བཞག་པའི་ཐོག་ནས་བོད་པའི་ན་གཞོན་ཚོས་དེང་དུས་ཀྱི་ཤེས་ཡོན་དང་དེང་དུས་ཀྱི་ལག་རྩལ་འདྲ་མིན་སྦྱོང་བརྡར་ངེས་པར་དུ་བྱེད་དགོས་པའི་བཀའ་སློབ་ཟབ་མོ་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎