ཐར་ལོ་ཐེ་ཝན་ནང་གཟེངས་སུ་ཐོན་པའི་གློག་བརྙན་ལ་བདམས་པ།


2015.11.18
ཐར་ལོ་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་རྣམས་ཐེ་ཝན་ནང་གི་གསེར་གྱི་རྟ་མཆོག་ཞེས་བའི་གློག་བརྙན་དུས་སྟོན་སྐབས། ༢༠༡༥།༡༡།༡༧ ཐར་ལོ་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་རྣམས་ཐེ་ཝན་ནང་གི་གསེར་གྱི་རྟ་མཆོག་ཞེས་བའི་གློག་བརྙན་དུས་སྟོན་སྐབས། ༢༠༡༥།༡༡།༡༧
དྲ་བཤུས། weibo

པད་མ་ཚེ་བརྟན་ལགས་ཀྱི་གློག་བརྙན་ཐར་ལོ་ཞེས་བ་ཐེ་ཝན་ནང་གི་གློག་བརྙན་དུས་སྟོན་སྐབས་གཟེངས་སུ་ཐོན་པའི་གློག་བརྙན་ལ་བདམས་པ།
དེ་ཡང་བོད་ནང་གི་བོད་རིགས་གློག་བརྙན་བཟོ་བསྐྲུན་མཁན་པད་མ་ཚེ་བརྟན་ལགས་ཀྱིས་བཟོ་བསྐྲུན་གནང་པའི་ཐར་ལོ་ཞེས་པའི་གློག་བརྙན་དེ། ཐེ་ཝན་ནང་རྒྱའི་སྐད་ཡིག་གི་ཐོག་བཟོ་བསྒྲིགས་བྱས་པའི་གློག་བརྙན་དུས་སྟོན་ཡོངས་གྲགས་ཆེ་ཤོས་དེའི་ནང་གཟེངས་སུ་ཐོན་པའི་གློག་བརྙན་དང་། གློག་བརྙན་བཀོད་འཁྲིད་པ་རྩེ་ཕུད་ཀྱི་བྱ་དགའི་མཚན་གཞུང་ནང་བདམས་ཐོན་བྱུང་ཡོད་པའི་སྐོར་ཕེརན་སི་གསར་ལས་ཁང་གི་གནས་ཚུལ་སྤེལ་འདུག
ཐར་ལོ་ཞེས་པའི་གློག་བརྙན་འདི་བཞིན་པད་མ་ཚེ་བརྟན་ལགས་ཀྱིས་ཁོང་གིས་བརྩམས་བྲིས་གནང་པའི་རྩོམ་སྒྲུང་དཔེ་དེབ་ལ་གཞི་བཞག་ཐོག་བཟོ་བསྐྲུན་གནང་པ་ཞིག་དང་། གློག་བརྙན་དེའི་ནང་ཐར་ལོ་ཞེས་བོད་ཀྱི་འབྲོག་སའི་ས་ཁུལ་གྱི་ན་གཞོན་ལུག་རྗི་ཞིག་གྲོང་ཁྱེར་ནང་། ངོ་སྤྲོད་ལག་ཁྱེར་བཟོ་བར་བསྐྱོད་དེ་གྲོང་ཁྱེར་དང་གྲོང་བསེབ་དབར་གྱི་ཁྱད་པར་མྱོང་ཚོར་ཇི་བྱུང་གི་སྒྲུང་གཏམ་བརྒྱུད་དེང་སྐབས་བོད་ནང་རྒྱ་ནག་གི་འཛུགས་བསྐྲུན་ཡར་རྒྱས་ཀྱི་ལས་གཞིའི་འོག་བོད་ཀྱི་འབྲོག་སའི་ས་ཁུལ་ནང་གནའ་རབས་ཀྱི་སྲོལ་རྒྱུན་གོམས་གཤིས་སོགས་ལ་འགྱུར་ལྡོག་གི་ཤུགས་རྐྱེན་ཇི་ཐེབས་མངོན་པར་བྱས་ཡོད་འདུག
གློག་བརྙན་འདི་བཞིན་ཉེ་སྔོན་ཕྱི་ཟླ་༩པའི་ནང་Veniceརྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་འགྲེམས་སྤེལ་དབུ་འབྱེད་བྱས་འདུག་ལ་དེ་རྗེས་Busanཞེས་ཨེ་ཤི་ཡའི་གློག་བརྙན་དུས་སྟོན་ཐོག་གློག་བརྙན་རྩེ་ཕུད་ཀྱི་བྱ་དགའ་བཞེས་འདུག
ད་རེས་ཐེ་ཝན་ནང་Golden Horseའམ་གསེར་གྱི་རྟ་མཆོག་ཞེས་རྒྱའི་སྐད་ཡིག་ཐོག་བཟོ་བསྐྲུན་བྱས་པའི་གློག་བརྙན་དུས་སྟོན་ཆེ་ཤོས་འདིའི་ནང་ཐར་ལོ་གློག་བརྙན་དེར་གློག་བརྙན་རྩེ་ཕུད་མ་ཟད། གློག་བརྙན་བཀོད་སྒྲིག་པ་རྩེ་ཕུད་ཀྱི་སྡེ་ཚན་ཁོངས་སུ་བདམས་མས་ཐོན་བྱུང་ཞིང་། ཚེས་༢༡ཉིན་བྱ་དགའ་བཞེས་མཁན་གསལ་བསྒྲགས་གནང་རྒྱུ་ཡིན་འདུག  བོད་རིགས་གློག་བརྙན་བཟོ་བསྐྲུན་གནང་མཁན་པད་མ་ཚེ་བརྟན་ལགས་ནི་༡༩༦༩ལོར་བོད་མདོ་སྨད་ཁུལ་དུ་སྐྱེས་པ་དང་། པེ་ཅིང་གློག་བརྙན་གཙུག་ལག་སློབ་གྲ་ནས་སློབ་མ་མཐར་སོན་གནང་པའི་རྗེས་པད་མ་ཚེ་བརྟན་ལགས་ནས་ཁྱི་རྒན་ཞེས་པ་དང་། The Silent Holy Stoneའམ་མ་ནི་རྡོ་འབུམ་ཞེས་པ་སོགས་གློག་བརྙན་རིམ་པ་བཟོ་བསྐྲུན་གནང་སྟེ་བོད་རིགས་གློག་བརྙན་བཟོ་བསྒྲིགས་གནང་མཁན་ཡོངས་གྲགས་ཆེ་ཤོས་ཤིག་ཡིན་པ་རེད།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎